ཝང་ཏུང་མིང་གིས་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་གཞོན་པ་རེ་ལིའེ་ཚི་ཉི་ཡཁོ་་སོགས་ལ་མཇལ་འཕྲད་གནང་།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-09
ས་གནས་དེ་གའི་དུས་ཚོད་དེ་སྤྱི་ཟླ་5པའི་ཚེས་6ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པ་སྣེ་ཁྲིད་དེ་ཨུ་རུ་སུར་འཚམས་འདྲི་གནང་བའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅུ་ཝང་ཏུང་མིང་གིས་མོ་སི་ཁོ་ནས་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་གཞོན་པ་་རེ་ལིའེ་ཚི་ཉི་ཡ་ཁོ་དང་མཇལ་འཕྲད་གནང་།
ཝང་ཏུང་མིང་གིས་མིག་སྔར། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་ལོ་རྒྱུས་ཀྱི་དུས་སྐབས་ལེགས་ཤོས་སུ་སླེབས་ཡོད་ལ། མཐོ་རིམ་བར་གྱི་འགྲོ་འོང་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ལེགས་པོ་ཐོབ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་མཛའ་འབྲེལ་འཕེལ་རྒྱས་སུ་བཏང་ན། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་ཡང་ཕན་པ་ཆེན་པོ་ལྡན། སྲིད་ཏང་བར་གྱི་འབྲེལ་བ་ནི་རྒྱལ་ཁབ་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཚད་མཐོན་པའི་སྒོ་ནས་གཅིག་གྱུར་ཨུ་རུ་སུའི་ཏང་བར་གྱི་མཛའ་མཐུན་འགྲོ་འོང་ལ་མཐོང་ཆེན་བྱེད་བཞིན་ཡོད་ཅེས་བསྟན།
རེ་ལིའེ་ཚི་ཉི་ཡ་ཡིས་ཨུ་རུ་སུས་ཚད་མཐོན་པོའི་སྒོ་ནས་ཀྲུང་གོའི་མཛའ་མཐུན་འགྲོ་འོང་ལ་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་ནི་རྒྱལ་ཁབ་ཕྱི་འབྲེལ་གྱི་ཁ་ཕྱོགས་སུ་གལ་ཆེན་དུ་བཞག་ཡོད། ན་ནིང་། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཕན་ཚུན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོ་དང་། ཨུ་རུ་སུའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དགའ་སྟོན་རྟེན་འབྲེལ་བྱེད་སྒོར་ཞུགས་པས། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོ་པོའི་འཕེལ་རྒྱས་ར་སྤྲོད་བྱས་ཡོད། རྒྱལ་ཁབ་གཉིས་དང་ཏང་གཉིས་ཀྱི་རིམ་པ་མང་པོའི་འབྲེལ་འདྲིས་དང་ཕན་ཚུན་འཚམས་འདྲི་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་པ་དང་བསྟུན། སྔར་ལས་གཏིང་ཟབ་ཏུ་འཕེལ་བར་ཡིད་ཆེས་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་ལྷག་པར་ཇེ་ཆེར་འགྲོ་བ་དང་། མི་མངོན་པའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་ལས་ཕྱིར་འདོན་བྱེད་པར་ཡིད་ཆེས་ཡོད་ཅེས་བསྟན།།