སྡེ་དགེ་རྫོང་གིས་ཤུགས་ཆེན་པོས་སློབ་གསོའི་དམངས་ཕན་ལས་ཀ་ལག་བསྟར་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-13


 

    ད་ལོ་ནས་བཟུང་། སྡེ་དགེ་རྫོང་གིས་ཤུགས་ཆེན་པོས་སློབ་གསོའི་དམངས་ཕན་ལས་ཀ་ལག་བསྟར་བྱས་ཏེ། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི3497.74དོན་འཁྱོལ་ཡོང་བར་བྱས་ཡོད།

    གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། རྫོང་དེའི་མཐའ་ཁུལ་ས་ཆ་དང་མི་རིགས་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་ལ་འཁོར་རྒྱུག་ཁང་པ་76འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཟོས་ནས་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་8864ལ་སློབ་ཡོན་མི་དགོས་པར་མ་ཟད། རིན་མེད་སྒོས་སློབ་དེབ་དང་ལས་བྱ་འབྲི་དེབ་སོགས་མཁོ་སྤྲོད་བྱས་ཏེ། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་27་སློབ་བསྡུས་སློབ་གྲྭས་སློབ་གྲོན་སྣ་ཚོགས་མི་ལེན་པ་དང་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།
    འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཁྱིམ་ཚང་དཀའ་ངལ་ཅན་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་མ་6193ལ་ཞག་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་དེ། མཐོ་སྒང་གི་མི་རིགས་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་7821གིས་དྲོད་ལེན་གནད་དོན་སེལ་པར་བྱ་རྒྱུ་དང་ཕྱོགས་ཡོངས་ནས་ལོ་བཅོ་ལྔའི་རིན་མེད་སློབ་གསོ་དང་། གཞུང་གཉེར་བྱིས་གཉོར་ཁང་གིས་བྱིས་པ་1120ལ་ལོ་གསུམ་གྱི་འགྲོ་གྲོན་མི་དགོས་པར་མ་ཟད། ལོ་དགུའི་རིན་མེད་འོས་འགན་སློབ་གསོའི་རྨང་གཞིའི་ཐོག་བྱིས་གཉོར་ཁང་གིས་བྱིས་པ་1120ལ་བྱིས་གཉོར་འགྲོ་དངུལ་སྤྲོད་མི་དགོས་པ་ལག་བསྟར་བྱ་རྒྱུ་རེད། 
  ད་ལོའི་སྟོན་ཁ་ནས་བཟུང་། ཡིག་ཚགས་བཟོས་པའི་དབུལ་ཕོངས་དུད་ཚང་གིས་གསར་དུ་སློབ་ཞུགས་བྱས་པའི་ཉིན་གང་ལམ་ལུགས་ཀྱིས་དངོས་གཞི་དང་ཆེད་སྦྱོང་སློབ་མའི་མི་རེ་ལོ་རེར་སྒོར་4000གྱི་ཚད་གཞི་ལྟར་སློབ་ཡོན་རོགས་དངུལ་དང་འཚོ་བའི་ཁ་གསབ་སྤྲོད་རྒྱུ་རེད། ཡིག་ཚགས་བཟོས་པའི་དབུལ་ཕོངས་དུད་ཚང་གི་འབྲིང་རིམ་སློབ་མ་ལ་འབྲིང་རིམ་ལས་རིགས་སློབ་གྲྭའི་རོགས་དངུལ་སྤྲོད་པའི་རྨང་གཞིའི་སྟེང་མི་རེ་ལོ་རེར་སྒོར་1000གིས་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་ནས། མུ་མཐུད་དུ་གྲོང་གསེབ་གྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏང་བའི་འཆར་གཞི་ལག་བསྟར་བྱས་ཏེ། སློབ་མ་8227ལ་འཚོ་བཅུད་ཁ་གསབ་རོགས་དངུལ་མཁོ་སྤྲོད་བྱ་རྒྱུ་རེད། དུས་མཚུངས་སུ་སློབ་སྔོན་སློབ་གསོ་བྱེད་ཤུགས་མཐོར་འདེགས་སུ་གཏང་བ་དང་གྲོང་གསེབ་དུ་ཞིང་བའི་ལུས་རྩལ་ར་བ་30གསར་འཛུགས་བྱ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1