གསར་འགོད་པས་ལྷ་ས་གྲོང་ཁྱེར་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ་5པའི་ཚེས་11ཉིན་གྱི་ཕྱི་དྲོར། རང་རྒྱལ་གྱི་ཨེ་ཤ་ཡ་ལྷོ་མའི་གཞུང་ལམ་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་ཐོག་མ་དེ་ལན་ཀྲུའུ་རྟགས་ཅན་གྱི་རྒྱལ་སྤྱིའི་དངོས་སྐྱེལ་མེ་འཁོར་དངོས་སུ་ཤར་གཏོང་བྱས། ལམ་ཐིག་དེ་ལན་ཀྲུའུ་ནས་འགོ་ཚུགས་ཏེ་གཞིས་ཀ་རྩེ་དང་། སྐྱིད་ལུང་འགག་སྒོ་བརྒྱུད་དེ་ཀ་ཏ་མན་དུ་འབྱོར་ཡོད། མཐའ་ཁུལ་གྱི་གལ་ཆེའི་མཐུད་མཚམས་གྲོང་ཁྱེར་ཡིན་པ་གཞིར་བཞག ལྷ་སས་ཀྱང་ཕྱིར་འཚོང་གི་འཕེལ་ཕྱོགས་ཇེ་མགྱོགས་སུ་བཏང་། །