སྐབས་བཞི་བའི་སི་ཁྲོན་ཕྱིར་སྡོད་ཀྲུང་གོ་བའི་མཛའ་མཐུན་ཚོགས་ཆེན་ཁྲེན་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-30


    སྤྱི་ཟླ་5པའི་ཚེས་29ཉིན། སི་ཁྲོན་ཞིང་ཆེན་ཕྱི་ཕྱོགས་སྤེལ་རེས་མཐུན་ཚོགས་ཀྱི་སྐབས་གསུམ་པའི་ལས་འཛིན་ཚོགས་ཆེན་དང་སྐབས་བཞི་པའི་སི་ཁྲོན་ཕྱིར་སྡོད་ཀྲུང་གོ་བའི་མཛའ་མཐུན་ཚོགས་ཆེན་ཁྲེན་ཏུའུ་རུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་ཕྱི་ཕྱོགས་བརྗེ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཐན་ཐེན་ཤིན་ཚོགས་ཆེན་ལ་ཕེབས་པར་མ་ཟད་ཤིས་ཚིག་ཕུལ། 
    དབྱི་ལི་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས། ཁོང་གིས་ཐེངས་འདིའི་ཚོགས་ཆེན་བརྒྱུད་དེ་ཕན་ཚུན་བརྗེ་རེས་བྱས་པས། རྒྱ་ཆེའི་ཕྱི་སྡོད་སྤུན་ཟླས་སི་ཁྲོན་ལ་སྔར་ལས་ལྷག་པའི་སྒོ་ནས་རྒྱུས་ལོན་བྱས་པ་དང་། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླའི་མེས་རྒྱལ་དང་སི་ཁྲོན་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བར་ཡིད་ཆེས་ཡོད་ཅེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1