བོད་ཀྱི་དཔེ་རྙིང་59རྒྱལ་ཁབ་ཀྱི་དཔེ་རྙིང་མིང་ཐོའི་ནང་ཚུད་པ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་ལྗོངས་གསར་འགྱུར་དྲ་བ། སྤེལ་དུས། 05-31


    

      ཉེ་ཆར། 《རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་ཐོ།》ཁག་ལྔ་པའི་དཔེ་རྙིང་899དང“རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་སྡེ་ཁག”14ཁྱབ་བསྒྲགས་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་དཔེ་མཛོད་ཁང་དང་དགོན་སྡེ་འདུས་པའི་དཔེ་རྙིང་ཉར་ཚགས་སྡེ་ཁག100ལྷག་ཙམ་གྱིས་དཔེ་རྙིང་400ལྷག་ཙམ་རེ་ཞུ་བྱས་ཤིང་། མཐར་སྡེ་ཁག་18ཀྱི་དཔེ་རྙིང་59མིང་ཐོའི་ནང་ཚུད། 

      རྒྱུས་ལོན་་བྱུང་བར་ལྟར་ན། 2007ལོ་ནས་ད་བར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་ཐོ།》ཁག་ལྔ་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་པའི་ནང་ཁྱོན་བསྡོམས་དཔེ་རྙིང་12274བསྡུས་པ་དང་ཁག་ལྔ་པའི་སྡེ་ཁག་180ལ་སྔ་རྗེས་སུ“རྒྱལ་ཡོངས་དཔེ་རྙིང་གཙོ་གནད་སྲུང་སྐྱོང་སྡེ་ཁག”ཞེས་པའི་མིང་བཏགས་ཡོད། རིག་གནས་པུའུ་སྤྱི་པའི་རིག་གནས་སིའི་སི་ཀྲང་ཀྲང་ཡུང་ཤིན་གྱིས་རྗེས་མར་དཔེ་རྙིང་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་དེ་དག་བེད་སྤྱོད་ལེགས་པོར་བྱ་རྒྱུའི་དམིགས་ཡུལ་འགྲུབ་ཆེད། རྒྱལ་ཡོངས་ཀྱི་དཔེ་རྙིང་སྲུང་སྐྱོབ་ལས་ཀའི“ལོ་ལྔ་འཆར་གཞི་བཅུ་གསུམ་པའི”དུས་སྐབས་ཀྱི་འཆར་འགོད་སྒྲིག་བཅོས་བྱས་ཏེ་མགྱོགས་མྱུར་སྒོས་《དཔེ་རྙིང་སྲུང་སྐྱོབ་སྲོལ་ཡིག》གི་ཁྲིམས་འཛུགས་ལ་སྐུལ་འདེད་གཏང་དགོས་པ་དང་། དཔེ་རྙིང་ཡོངས་བཤེར་ཐོ་འགོད་དོ་དམ་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1