སི་ཁྲོན་གྱིས་གཉིས་སློབ་གཅིག་བྱེད་ཀྱི་ཆེད་དོན་སློབ་སྦྱོང་གི་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


    སྤྱི་ཟླ་5པའི་ཚེས་26ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་གྱིས་གཉིས་སློབ་གཅིག་བྱེད་ཀྱི་ཆེད་དོན་སློབ་སྦྱོང་གི་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཅིན་གྱིས་གདན་ཞུ་ལྟར་ཟུར་ཁྲིད་སྙན་ཞུ་གནང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཀོ་ཀྲུང་སྙན་ཞུའི་ཚོགས་འདུར་ཞུགས།  
    ཟུར་ཁྲིད་སྙན་ཞུའི་ཁྲོད་དུ། ཀྲང་ཅུན་གྱིས་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་པའི་མཐོ་ཚད་སྟེང་《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་གྱི་ཚད་གཞི།》དང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》བཏོན་པའི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན་དང་། ཞིབ་ཕྲའི་ནང་དོན། ལག་བསྟར་སྒྲིག་འཛུགས་དང་གལ་ཆེ་བའི་ནང་དོན་ཐད་ལ་གོ་བ་ལེན་དགོས་པ་དང་ཁོང་དུ་ཆུད་དགོས་པའི་སྐོར་ཐད་ནས་ཞིབ་བརྗོད་དང་གསལ་འགྲེལ་གནང་། 
    ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་སྐབས། བློ་མཐུན་ཀྲང་ཅུན་གྱིས་ཟུར་ཁྲིད་སྙན་ཞུས་ང་ཚོ་ལ་སྔར་ལས་ལྷག་པའི་སྒོ་ནས་《 ཚད་གཞི།》དང་ 《 སྲོལ་ཡིག》 ལ་རྒྱུས་ལོན་དང་གོ་བ་གཏིང་ཇེ་ཟབ་དུ་ལེན་པ་ལ་རམ་འདེགས་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐེངས་འདིའི་ཆེད་དོན་སློབ་སྦྱོང་ཟུར་ཁྲིད་ཀྱི་གོ་སྐབས་དམ་འཛིན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་དམ་འཛིན་ལེགས་པོ་བྱེད་པ་དང་། ཕུགས་འདུན་དང་ཡིད་ཆེས་བརྟན་པོའི་ཐོག་སྤྱོད་ལམ་ལེགས་པོ་དང་། སྒྲིག་ལམ་ནན་པོ་བྱ་དགོས། ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ་དེ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་གཉིས་ཟུང་འབྲེལ་དམ་པོ་བྱས་ནས། མཐའ་གསལ་མཐིལ་རྟོགས་དང་ཤེས་སྤྱོད་ཟུང་འབྲེལ་བྱས་ཏེ། འདུ་ཤེས་བཞིའི་དུས་དང་རྣམ་པ་ཀུན་ཏུ་བསམ་བློ་ཆབ་སྲིད་དང་། བྱ་སྤྱོད་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོ་གཅིག་མཐུན་ཡོང་བ་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1