དཔྱིད་ཀའི་དུས་སུ། ན་གཞོན་དང་དར་མའི་བུད་མེད་ཁ་ཤས་ཤིག་གི་ངོ་གདོང་དམར་པོར་གྱུར་ནས་ན་ཟུག་ལངས་པ་དང་། ཟ་འཕྲུག་ལངས་པ། སྐམ་ཞིང་འཐེན་པར་འགྱུར་ཞིང་། ཉི་མར་ལྡེ་རྗེས་ལྷག་ཏུ་མངོན་གསལ་ཡིན། དེ་ནི་དཔྱིད་ཀར་ནམ་ཟླ་ཇེ་དྲོར་གྱུར་བ་དང་བསྟུན་ནས་མེ་ཏོག་སྣ་བརྒྱ་དུས་གཅིག་ཏུ་བཞད་པ་དང་། མཁའ་དབུགས་ཀྱི་ཁྲོད་དུ་ས་རྡུལདང་མེ་ཏོག་གི་རྡུལ་གྱིས་ཁེངས་ཡོད། དེ་ལས་གཞན། ངོ་གདོང་ལ་སྐེག་རྫས་བྱུགས་རྗེས་ས་རྡུལ་དང་མེ་ཏོག་གི་རྡུལ་རྣམས་སྐྱི་པགས་སྟེང་དུ་འབྱར་སྲིད། དེ་ལ་ཉི་འོད་ཕོག་ཚེ་ངོ་གདོང་དང་སྐེ་མཇིང་དམར་པོར་གྱུར་ནས་སྐྱི་པགས་གཉན་ཚད་འབྱུང་སྲིད།
ངོ་གདོང་གི་སྐྱི་པགས་ལ་གཉན་ཚད་འབྱུང་བར་སྔོན་འགོག་བྱེད་ན། ཕྱི་རོལ་དུ་འགྲོ་སྐབས་ཚ་གདུག་ཆེ་བའི་ཉི་འོད་ངོ་གདོང་དུ་མི་ཕོག་པར་བྱེད་པ་དང་། ཚ་གདུག་གི་ཉི་འོད་འགོག་པའི་ངོ་ཕུར་བྱུགས་དགོས། ཕྱིར་ཐོན་རྗེས་དེ་མ་ཐག་ངོ་གདོང་གཙང་མར་བཀྲུ་དགོས་ཤིང་། བུལ་ཏོག་ཅན་གྱི་འདག་རྫས་མི་བཀོལ་བ། རྒྱུན་པར་ཁ་ཚ་བའི་རིགས་མི་ཟ་བར་སྔོ་ཚོད་གསར་པའི་རིགས་དང་སིལ་ཏོག་གི་རིགས་མང་པོ་ཟ་བ། ངོ་གདོང་གི་སྐྱི་པགས་ལ་གནོད་པ་མེད་པའི་འཚོ་རྒྱུ་བེ་ཧྲིན་སུའེུEསོགས་འདུས་པའི་ངོ་ཕུར་བྱུགས་དགོས།
དེ་ལ་གསོ་བཅོས་བྱེད་པར་ཡང་སྨན་པས་མཛུབ་སྟོན་འོག་ནས་འཚོ་རྒྱུ་བེ་ཧྲིན་སུའུBདངCབཅས་འཐུང་དགོས་ཤིང་། ངོ་གདོང་དང་སྐེ་མཇིང་སོགས་ལ་ཟ་འཕྲུག་དྲག་པོ་ལངས་ན་ལུའུ་ལེ་ཐ་ཏེན་ནམ་ཡང་ན་ཞིས་ཐིས་ལིས་ཆིན་སོགས་སྨན་འཐུང་དགོས་པ་དང་། ཉིན་རེར་ཐེངས་གཅིག་དང་ཐེངས་རེར་རིལ་བུ་གཅིག་རེ་འཐུང་དགོས། གནས་གཅིག་ཏུ་ཟ་འཕྲུག་ཅུང་ཙམ་ལངས་ན་དེའི་ཐོག་ཏུ་ཆིན་ཧྭ་ཁིག་ཏི་སུང་ངམ0.03﹪ཐ་ཁི་མོ་སི་བྱུགས་སྨན་བྱུགས་དགོས། ཐ་ཁི་མོ་སི་ཞེས་པའི་སྨན་དེར་སྐུལ་རྩིའི་རིགས་ཀྱི་གྲུབ་ཆ་ལྡན་པས། གཉན་ཚད་འཇོམས་པ་དང་ན་ཟུག་གཅོག་པའི་ནུས་པ་ལྡན་པར་མ་ཟད། ཞོར་སྐྱོན་ཡང་མེད་པས། སྐྱི་པགས་སླར་སོས་སུ་འཇུག་ཐུབ། །
《བདེ་ཆེན་བོད་ཡིག་ཚགས་པར།》ལས་བཤུས།