ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-02


  སྤྱི་ཟླ་6པའི་ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྤྱི་པུའུ་ཡི་པུའུ་ཀྲང་ལི་ཀྲུའུ་ཡོན་གྱིས་སྣེ་ཁྲིད་པའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། 
  ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གིས་ཀྲུང་གོར་འཐུས་ཚབ་ཚོགས་པ་མངགས་ཏེ་ཚོགས་ཆེན་སྐབས་བདུན་པའི་གནས་ཚུལ་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུས །ཁོང་གིས་འདི་ལས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་ཏང་གཉིས་ཀྱིས་གནད་དོན་གལ་ཆེན་ཐད་ནས་འཐབ་ཇུས་འབྲེལ་འདྲིས་བྱེད་པའི་སྲོལ་རྒྱུན་དང་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་མཚོན། བྱང་ཁོ་རེ་ཡའི་མི་དམངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་སུ་གཏང་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ལོན་པར་སྨོན་འདུན་ཞུས་པ་ཡིན་ཞེས་བསྟན། 
  ལིས་ཀྲུའུ་ཡོན་གྱིས་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བསྐུར་བའི་ངག་འཕྲིན་བརྒྱུད་བསྒྲགས་བྱས་པར་མ་ཟད་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཚོགས་ཆེན་སྐབས་བདུན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཅིན་ཀྲིན་ཨིན་གྱིས་བསྐུར་བའི་ངག་འཕྲིན་ནང་བཤད་རྒྱུར། བྱང་ཁོ་རེ་ཡའི་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་ཆེན་པོས་བྱང་ཁོ་རེ་ཡ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏང་བར་ཤུགས་སྣོན་དང་། བྱང་ཁོ་རེ་ཡའི་ཕྱེད་གླིང་དང་ཨེ་ཤ་ཡ་ཤར་བྱང་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1