འཛམ་གླིང་འཁོར་ཡུག་ཉིན་མོར། སྐབས་དང་པོའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་རྟགས་མའི་བྱ་དགའི་མཇུག་འབྲས་ཁྱབ་བསྒྲགས་བྱས། སི་ཁྲོན་དང་ཀྲེ་ཅང་། བོད་ལྗོངས། ཞིན་ཅང་སོགས་ཀྱི་སྔོན་ཐོན་ཚོགས་ཁག་19དང་སྔོན་ཐོན་མི་སྒེར་33ལ་བྱ་དགའ་ཐོབ། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་བྱ་དགའ་དེ་རང་རྒྱལ་གྱི་སྐྱེ་ཁམས་འཛུགས་སྐྲུན་ཁྲོད་ཀྱི་སྲིད་གཞུང་བྱ་དགའ་གཅིག་པུ་ཡིན་ཞིང་། ཁོར་ཡུལ་སྲུང་སྐྱོང་པུའུ་ཡིས་གཙོ་སྒྲུབ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཞི་རིམ་ལ་ཁ་ཕྱོགས་པའི་ལོ་གསུམ་གྱི་ནང་ཐེངས་གཅིག་ལ་བདམས་པའི་བྱ་དགའ་ཞིག་ཡིན།
ཁོར་ཡུག་སྲུང་སྐྱོང་པུའུ་ཡི་པུའུ་ཀྲང་ཁྲེན་ཅི་ཉིང་གིས་བསྟན་དོན། སྐྱེ་ཁམས་དཔེ་སྟོན་འཛུགས་སྐྲུན་གྱིས་སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་མཐོར་གཏང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་བྱེ་བྲག་མངོན་འགྱུར་བྱེད་སྟངས་འཚོལ་ཞིབ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཉམས་མྱོང་གསོག་འཇོག་ལ་གཞི་རྟེན་དང་སྟེགས་བུ་གལ་ཆེན་མཁོ་འདོན་བྱས། ད་ལྟའི་བར། རྒྱལ་ཡོངས་སུ་ཞིང་ཆེན་དང་ཆུས། གྲོང་ཁྱེར་16གིས་སྐྱེ་ཁམས་ཞིང་ཆེན་འཛུགས་སྐྲུན་སྤེལ་ཡོད་དེ། གྲོང་ཁྱེར་དང་རྫོང་། ཆུས་1000ལྷག་གིས་སྐྱེ་ཁམས་གྲོང་ཁྱེར་དང་རྫོང་འཛུགས་སྐྲུན་བྱེད་བཞིན་ཡོད། ས་ཁུལ་133ལ་གྱིས་སྐྱེ་ཁམས་གྲོང་ཁྱེར་དང་རྫོང་གི་མཚན་སྙན་ཐོབ་ཡོད། ཐེངས་འདིའི་དཔྱད་བསྡུར་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་ལས་ཀ་གཞི་རྟེན་དུ་བྱས་ནས་སྤེལ་བ་རེད།།