1.གཅིན་པ་དྭངས་ཤིང་ལྦུ་བ་ཉུང་བ།
སྨན་པས་བསྟན་དོན། གལ་སྲིད་གཅིན་པའི་ནང་གི་ལྦུ་བ་གློ་བུར་དུ་ཇེ་མང་དུ་སོང་ནས་དུས་ཡུན་རིང་པོར་མི་ཡལ་ན། གཅིན་པའི་ཁྲོད་དུ་ཕྱིར་འབུད་པའི་སྤྲི་དཀར་རྫས་མང་བའི་རྟགས་རེད། གལ་སྲིད་གཅིན་པའི་མདོག་རྒྱུན་ལྡན་མིན་པར་ཇ་མདོག་དང་ཅང་ཡིའུ་མདོག ཡང་ན་རྙོག་པོ་འབྲས་བཀྲུས་པའི་ཆུ་ལྟ་བུ་བྱུང་ཚེ་དོ་སྣང་བྱ་དགོས།
གཞན་ཡང་། གཅིན་པ་བསྲན་མི་ཐུབ་པ་དང་གཅིན་གཏོང་དུས་ན་བ་བཅས་ཀྱི་ནད་རྟགས་བྱུང་ཚེ་མྱུར་དུ་སྨན་བཅོས་བྱ་དགོས།
2.ནངས་སྔ་མོར་ལངས་དུས་ལུས་ཕུང་སྐྲངས་མེད་པ།
མཁལ་མ་ནི་མིའི་ལུས་གཟུགས་ཀྱི་གཤེར་ཆུའི་རྙིང་ཚབ་གསར་བརྗེ་བྱེད་པའི་དབང་པོ་ཡིན་ལ། མཁལ་མའི་ནུས་པ་ཞན་ན་གཤེར་ཆུ་གསོག་པ་རེད། སྨན་པས་གསལ་འདེབས་བྱས་དོན། སྔ་མོར་ལངས་རྗེས། གལ་ཏེ་རྒྱུན་པར་མིག་སྐྲངས་པ་དང་། ཡང་ན་རྐང་པ་དང་སྒྱིད་པ་སྐྲངས་པའི་སྣང་ཚུལ་བྱུང་ན་མཁལ་མར་གནད་དོན་ཡོད་མེད་ལ་བསམ་བློ་གཏང་དགོས།
3.ཁམས་དྭངས་ཤིང་སྤྲོ་བ་བརྟས་པ།
མཁལ་མའི་བྱེད་ནུས་ལ་གནད་དོན་བྱུང་བའི་སྐབས་སུ། ལུས་ཕུང་ནང་གི་སྙིགས་རོ་ཚང་མ་གཅིན་པའི་ནང་ཕྱིར་འབུད་གཏོང་དཀའ་བས། སེམས་ཤུགས་མེད་པ་དང་ཐང་ཆད་པ། ལུས་ཉོབ་པ་བཅས་ཀྱི་ཚོར་བ་འབྱུང་ངེས།
4. ཁྲག་ཤེད་རྒྱུན་ལྡན་ཡིན་པ།
མཁལ་མའི་བྱེད་ནུས་ལ་གནོད་པ་ཐེབས་ཚེ་ཁྲག་ཤེད་མཐོ་བའི་ནད་རྟགས་འབྱུང་བ་དང་།ཁྲག་ཤེད་མཐོ་བ་དེས་མཁལ་མ་ལ་གནོད་པ་བཟོ་ཚད་ཆེ་རུ་གཏོང་བ་རེད། ཁྲག་ཤེད་མཐོ་བའི་ནད་པ་ལ་མཚན་མོར་གཅིན་པ་ཇེ་མང་དུ་འགྲོ་བ་དང་། གཅིན་པ་མངར་འགྱུར་ཅན་གྱི་ནད་པ་ལ་གཅིན་སྤྲི་དཀར་བྱུང་བ་དང་ཡང་ན་རྐང་པ་སྐྲངས་པའི་ནད་རྟགས་བྱུང་དུས་སུ་མཁལ་མ་ལ་གནོད་སྐྱོན་ཕོག་ཡོད་པ་རེད། རྒྱུན་ལྡན་གྱི་མི་ལ་མཚམས་རེར་ཉོབ་སྣང་བྱུང་བར་སེམས་ཁྲལ་བྱ་མི་དགོས་ཏེ། གཉིད་ཉལ་བ་སྙོམས་སྒྲིག་བྱས་ན་ཕལ་ཆེར་ལེགས་བཅོས་ཡོང་ཐུབ། ཡིན་ཡང་གལ་ཏེ་ནད་རྟགས་དེ་ཉུང་མཐར་གཟའ་འཁོར་གཅིག་ལ་རྒྱུན་མཐུད་བྱས་ན་ངེས་པར་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱ་དགོས།།
《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས།