ལི་ཐང་རྫོང་གིས་དབྱར་རྩྭ་རྐོ་ཡུལ་གྱི་རི་ཁུལ་དུ་རིག་གནས་དང་ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས་བཅས་སྐྱེལ་བའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-13


          སྤྱི་ཟླ་6པའི་ཚེས་9ནས་ཚེས་10ཡི་བར། སྣྲོན་ཟླའི་ཚེས་ལྔ་བའི་དུས་ཆེན་གྱི་གུང་གསེང་དུས་ཚོད་ཡིན།  ལི་ཐང་རྫོང་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་ཅིང་རྫོང་རིག་གནས་ཡུལ་སྐོར་དང་རྒྱང་སྒྲོག་བརྙན་འཕྲིན་ཅུས། རྫོང་འཕྲོད་བསྟེན་དང་མི་འབོར་འཆར་ལྡན་བུ་གསོ་ཅུས། རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས། རྫོང་ཁྲིམས་འཛིན་ཅུས་སོགས་ལས་ཁུངས་མང་པོས་མཉམ་འབྲེལ་བྱས་ཏེ་མཚོ་ངོས་ལས་མཐོ་ཚད་སྨི་4000ལྷག་གི་དབྱར་རྩྭ་བརྐོ་ཡུལ་གྱི་རི་ཁུལ་དུ་རིག་གནས་དང་ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས་བཅས་སྐྱེལ་བའི་དྲིལ་སྒྲོག་སློབ་གསོ་བྱེད་སྒོ་རྒྱ་ཆེར་སྤེལ།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1