སྤྱི་ཟླ་6པའི་ཚེས་13ཉིན། རྔ་བ་ཁུལ་གྱིས་འབར་ཁམས་གྲོང་ཁྱེར་དུ་ཐེངས་བཅུ་གཅིག་པའི་རིག་གནས་ཤུལ་བཞག་ཉིན་མོའི་དགའ་སྟོན་མཛད་སྒོ་སྤེལ། བྱེད་སྒོའི་ཡུལ་དངོས་སུ་རྔ་བ་ཁུལ་གྱི་མིང་དུ་གྲགས་པའི་རྒྱལ་རོང་འཁལ་འཐག་དང་བོད་སྤོས། རྡོ་བརྐོས་ཐང་ག་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་དུ་མ་འགྲེམ་སྟོན་བྱས་ནས། ཡུལ་སྐོར་པ་དང་ཡུལ་མི་མང་པོའི་ཡིད་དབང་འཕྲོག །