2016ལོའི་ཀྲུང་གོའི་སྐབས་གསུམ་པའི་རེབ་གོང་ཐང་ག་འབྲི་བཞེངས་འགྲན་བསྡུར་ཆེན་མོ་སྤྱི་ཟླ་7པར་འགོ་ཚུགས་རྒྱུ་རེད།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 06-15


             མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་ལྟར། ཀྲུང་གོའི་སྐབས་གསུམ་པའི་རེབ་གོང་ཐང་ག་འབྲི་བཞེངས་འགྲན་བསྡུར་ཆེན་མོ་དེ་2016ལོའི་ཟླ་7པའི་ཚེས་22ཉིན་ཐུན་རིན་རྫོང་རེབ་གོང་རིག་གནས་ཐང་ཆེན་དུ་སྤེལ་རྒྱུ་རེད།

             ཐེངས་འདིའི་འགྲན་བསྡུར་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུས། ཐུན་རིན་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་དང་པེ་ཅིང་ཙོང་ཁ་པ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་སྒྲུབ་བྱས་པ་ཡིན།

             ཐེངས་འདིའི་འགྲན་བསྡུར་ཞིང་ཆེན་ཡོངས་ལ་ཕྱོགས་ཏེ། ས་ཁུལ་དང་ལོ་ཚད། ཕོ་མོ་དང་མི་རིགས་ཀྱི་ཁྱད་པར་མ་དབྱེ་བར། རྒྱ་ཆེའི་ཕུལ་བྱུང་སྒྱུ་རྩལ་པ་དང་ཐང་གའི་དགའ་མོས་མཁས་པ་འགྲན་ཞུགས་གདན་ཞུ་བྱ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1