བྱེད་སྒོ་འདི་ནི་གོ་ལ་ཧྲིལ་པོར་ཐད་གཏོང་བྱས་ཤིང་། ཐེངས་འདིའི་འགྲན་བསྡུར་གྱི་གནས་ཚུལ་དྲིལ་བསྒྲགས་ཡག་པོ་བྱ་ཆེད། གཙོ་སྒྲུབ་ལས་ཁུངས་ཕྱོགས་ནས་ཧྥན་རན་སིའི་རྒྱལ་ཁབ་བརྙན་འཕྲིན་ཁང་དང་། དབྱིན་ཇིའི་BBCསོགས་རྩ་འཛུགས་བྱས་ནས་སོ་སོས་ཐེངས་དེའི་བྱེད་སྒོར་ཆེད་དོན་གནས་ཚུལ་སྤེལ་བ་དང་། རྒྱལ་ནང་གི་མི་དམངས་དྲ་བ་དང་ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་གོ་དྲ་བ་སོགས་གཙོ་བྱས་པའི་རྒྱལ་ཡོངས་ཀྱི་སྨྱན་སྦྱོར་སྡེ་ཚན་ཁག་16གདན་འདྲེན་བྱས་ནས་ཐེངས་དེའི་འགྲན་རྩོད་ཐད་གཏོང་བྱས།
ཟླ་6པའི་ཚེས་12ཉིན་གྱི་སྔ་དྲོར་ཆུ་ཚོད་11ཐོག ཐེངས་དེའི་འགྲན་རྩོད་ནང་ཞུགས་པའི་ཧྥ་རན་སིའི་འགྲན་ཞུགས་པ་Nathan PAULINདང་Lucas MILLIARDགཉིས་ཀྱི་ཐག་ལེབ་ཐོག་ཏུ་འགྲོ་བའི་འགྲན་རྩོད་བྱེད་འགོ་བརྩམས། འགྲན་རྩོད་སྤེལ་པའི་གཞུང་ཕྱོགས་ཀྱི་འཛམ་གླིང་ཅི་ཉི་སིའི་ཟིན་ཐོ་བསྐྲུན་པའི་འགྲན་རྩོད་ཁྲོད་དུ། ཧྥན་རན་སིའི་འགྲན་ཞུགས་པ་Lucas MILLIARDཡིས་རྒྱལ་ཁའི་འགྲན་རྩོད་ལས་འགན་ལེགས་པར་འགྲུབ། Lucasཡིས་སྐར་མ་1དང་སྐར་ཆ་59ཡི་གྲུབ་འབྲས་ཐོབ་ཏེ། ཆེས་མགྱོགས་པའི་མྱུར་ཚད་ཀྱིས་སྨི་100ཅན་གྱི་ཐག་ལེབ་ཐོག་ཏུ་འགྲོ་བའི་འགྲན་རྩོད་ལེགས་གྲུབ་བྱུང་། རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་ནས་ཐེངས་དང་པོར་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་བསྐྲུན་པ་རེད།།