སྤྱི་ཟླ་6པའི་ཚེས་14ཉིན། ཞིང་ཆེན་རིམ་པའི་སྲིད་དོན་སྟེགས་བུ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གིས་ཁྲེན་ཏུའུ་རུ་ཀོང་ཨན་གྲོང་ཁྱེར་སྲིད་གཞུང་དང་དཀར་མཛེས་ཁུལ་སྲིད་གཞུང་ལ་སྲིད་དོན་སྟེགས་བུ་མཉམ་སྐྲུན་མཉམ་སྤྱོད་ཀྱི་གཞི་སྒྲོམ་གྲོས་མཐུན་འཇོག་པའི་མིང་རྟགས་བཀོད། ས་ཁུལ་གཉིས་ཀྱིས་ནོར་སྲིད་ཉོ་སྒྲུབ་ཞབས་ཞུའི་ཐབས་ལམ་སྤྱད་དེ་ཞིང་ཆེན་རིམ་པའི་སྲིད་དོན་སྟེགས་བུ་བེད་སྤྱོད་གཏང་རྒྱུ་དང་། དེ་ལས་རང་སྐྲུན་གྱི་སྲིད་དོན་སྟེགས་བུ་བཀོད་སྤྱོད་མི་བྱེད་པ་རེད། དེ་ནི་རང་རེའི་ཞིང་ཆེན་གྱི་མཉམ་བསྐྲུན་མཉམ་སྤྱོད་བྱེད་པའི་ཞིང་ཆེན་རིམ་པའི་སྲིད་དོན་སྟེགས་བུ་སྤྱོད་འགོ་ཚུགས་པའི་གྲོང་ཁྱེར་དང་ཁུལ་ཐོག་མར་གྱུར།
ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་གློག་རྡུལ་སྲིད་དོན་ཁྲུའུ་དང་། ཞིང་ཆེན་ནོར་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཉམ་བསྐྲུན་མཉམ་སྤྱོད་སྲིད་དོན་སྟེགས་བུ་བསྐྲུན་རྒྱུ་ནི་ཕྱོགས་གཅིག་ནས་ཞིང་ཆེན་རིམ་པའི་སྲིད་དོན་སྟེགས་བུའི་ཞིབ་ལས་ཅན་གྱི་ཕན་འབྲས་འདོན་སྤེལ་བྱེད་པར་ཕན་པ་དང་། ཕྱོགས་གཞན་ཞིག་ནས་གྲོང་ཁྱེར་དང་ཁུལ་གྱིས་རང་སྐྲུན་སྲིད་དོན་སྟེགས་བུའི་གློག་རྡུལ་སྲིད་དོན་འཛུགས་སྐྲུན་དང་གཉེར་སྒྲུབ་བྱ་རྒྱུའི་མ་གནས་30%ཡན་ཇེ་ཉུང་དུ་གཏོང་ཐུབ་པ་མ་ཟད། འཕྲལ་མར་ཞིང་ཆེན་རིམ་པའི་སྲིད་དོན་སྟེགས་བུ་བཀོལ་སྤྱོད་བྱེད་ཐུབ་པས། ལོ་1ཙམ་གྱི་རང་སྐྲུན་འཁོར་ཡུན་གྲོན་ཆུང་བྱེད་ཐུབ་པ་དང་འབྲེལ་ཆུ་ཚད་སྔར་ལས་མཐོ་བའི་ལག་རྩལ་དང་བདེ་འཇགས་ཀྱི་ཞབས་ཞུ་ཐོབ་ཐུབ་པ་རེད།
རང་རེའི་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སྲིད་དོན་སྟེགས་བུས་ལྟ་སྐུལ་དོ་དམ་དང་། ཞབས་ཞུ། ཧྲིལ་འདྲེས། གནོད་འགོག་གྲ་སྒྲིག་བཅས་གཞི་གཅིག་ཏུ་འདུས་པའི་“1+N+N+1”རྣམ་པ་སྤྱོད་དང་འབྲེལ་“རྒྱལ་ཡོངས་ཀྱི་གསར་གཏོད་དང་པོ”གཉིས་མངོན་འགྱུར་བྱུང་བ་རེད།།