༄༅། །དགུན་ཁར་གཤམ་གྱི་རིམས་ནད་འདི་དག་འབྱུང་བར་མཉམ་འཇོག་བྱ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


     དགུན་ཁར་ནམ་ཟླ་འཁྱག་པས། མིའི་ལུས་སྟོབས་ཇེ་ཞན་དུ་གྱུར་བ་དང་བསྟུན་ནས་ལུས་སྟེང་གི་ནད་འགོག་ནུས་ཤུགས་ཀྱང་ཅུང་ཉམས་ཞན་དུ་འགྱུར་འགྲོ་བ་རེད།      དེའི་ཕྱིར་རིམས་ནད་སྣ་ཚོགས་འབྱུང་བའི་ཉེན་ཁ་ཆེ། དགུན་ཁར་ཆེས་འབྱུང་ཚད་མཐོ་བའི་རིམས་ནད་ནི་ཆམ་རིམས་ཀྱི་ནད་དང་། སིབ་ནད། ཆུ་འབྲུམ་སོགས་ནད་རིགས་བརྒྱད་ཙམ་ཡོད།དེའི་ནང་ཆམ་རིམས་ཀྱི་ནད་ནི་དགུན་ཁའི་ཆེས་རྒྱུན་མཐོང་གི་ནད་ཅིག་རེད། 
དང་པོ། ཆམ་རིམས།

   དེ་ནི་ཆམ་རིམས་ཀྱི་ནད་དུག་ལས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཆེན་པོ་ཞིག་རེད། ལོ་རེར་འཛམ་གླིང་སྟེང་ཧ་ལམ་མི་དུང་ཕྱུར་དྲུག་ཙམ་ལ་ཆམ་རིམས་ཀྱི་ནད་དེ་འགོ་བཞིན་ཡོད།ཆམ་རིམས་ཀྱི་ནད་དེ་དག་གིས་ད་དུང་ནད་རིགས་གང་མང་ཞིག་བསླངས་ནས་མི་མང་པོ་ཞིག་འཆི་ལམ་དུ་འཇུག་པའི་རྐྱེན་དུའང་འགྱུར་    བཞིན་ཡོད།

གཉིས་པ། འགོ་བའི་རང་བཞིན་གྱི་ཀླད་རྒྱུངས་སྐྱི་མོའི་གཉན་ཚད།འགོ་བའི་རང་བཞིན་གྱི་ཀླད་རྒྱུངས་སྐྱི་མོའི་གཉན་ཚད་དེ་ཀླད་སྐྱིའི་གཉན་ཚད་ལས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་རེད། དེ་ནི་དབུགས་ལམ་བརྒྱུད་ནས་ཡོང་བའི་མཆིལ་ཟགས་ལས་ཕན་ཚུན་ལ་བགོས་པ་རེད། ལྷག་པར་དུ་ཟླ་དྲུག་ནས་ལོ་གཉིས་ལོན་པའི་བར་གྱི་བྱིས་པར་འགོ་ཚད་མཐོ་ཞིང་།དེའི་ནད་རྟགས་ནི་ཐོག་མར་ཚ་ཅུང་ཙམ་ལངས་པ་དང་། མིད་པ་ན་བ། ལུ་བ་བཅས་དང་དེར་མཐུད་ནས་ཚ་ཆེན་པོ་ལངས་པ་དང་མགོ་དྲག་ཏུ་ན་བ། སྐྱུག་མེར་ཡང་ཡང་ལངས་པ་སོགས་འབྱུང་།ནད་དེའི་འབྱུང་ཚད་མྱུར་ཞིང་འགོ་ཚད་མགྱོགས་པ། འཆི་ཚད་མཐོ་བ་རེད།

གསུམ་པ། སིབ་བི།
    སིབ་བི་ནི་སིབ་བིའི་ནད་དུག་ལས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཆེན་པོ་ཞིག་རེད། སིབ་བི་བྱུང་ཡོད་པའི་ནད་པའི་མཆིལ་ཟེགས་ལས་ཕན་ཚུན་ལ་བགོ་བ་ཡིན་ཞིང་། ནད་པའི་རེག་ཐུག་བྱས་པའི་དངོས་པོ་ལས་བགོ་བའང་ཡོད། ནད་དེ་ཚང་མར་འབྱུང་ཉེན་ཆེ་ཞིང་དེ་ལས་ཀྱང་བྱིས་པ་རློན་ནུར་འགོ་ཉེན་ཆེ། དེའི་ནད་རྟགས་ནི་ཚ་ལངས་པ་དང་། སྣ་ཆུ་བཞུར་བ། ལུ་བ། མིག་སྐྱི་དམར་པོར་འགྱུར་བ།ཁའི་ནང་དང་ལུས་ཐོག་ཏུ་འབྲུམ་ཐོར་དམར་པོ་འབྱུང་བའི་རྟགས་ཡོད།
བཞི། ཟྭ་འབྲུམ།
   ཟྭ་འབྲུམ་ནི་ཟྭ་འབྲུམ་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན།    དེ་ཡང་གཙོ་བོ་ནད་པའི་མཆིལ་ཟེགས་བརྒྱུད་ནས་ཕན་ཚུན་ལ་འགོས་པ་རེད། ལོ་གཅིག་ནས་ལྔའི་བར་གྱི་བྱིས་པར་འགོ་ཚད་ཆེས་མཐོ་ལ། མི་དར་མར་འགོ་བའང་ཡོད།དེའི་ནད་རྟགས་ནི་ཚ་ལངས་པ་དང་བསྟུན་ནས་ངོ་དང་སྐེའི་མཚམས་སུ་འབྲུམ་ཐོར་འབྱུང་བ་རེད། ལ་ལར་ད་དུང་དེ་དང་བསྡོངས་ནས་དབུགས་ལམ་དང་འཇུ་ ལམ་གྱི་ནད་རྟགས་ཅུང་ཙམ་ཡང་འབྱུང་ངེས།
ཆུ་འབྲུམ།
   ཆུ་འབྲུམ་ནི་ཆུ་འབྲུམ་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་རེད།དེ་ནི་གཙོ་བོ་དབུགས་ལམ་དང་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཕན་ཚུན་འབྲེལ་གཏུག་བྱས་པ་ལས་འགོས་པ་རེད།ནད་དེ་འགོ་སླ་བའི་མི་ནི་སློབ་ལོ་མ་རན་གོང་གི་བྱིས་པ་དང་ན་གཞོན་དང་གཞོན་ནུ་སྐོར་ཞིག་རེད། ཆུ་འབྲུམ་གྱི་ནད་དུག་དེ་འགོས་ཁྱབ་ཆེ་ཞིང་འབྱུང་ཚད་ཅུང་མྱུར། ཚ་ལངས་པ་དང་། མགོ་ན་བ། ལུས་ཡོངས་མི་བདེ་བ། ཡི་ག་མེད་པ། ལུ་བ་སོགས་ཐོག་མའི་ནད་རྟགས་མངོན་པ་དང་བསྟུན་ནས་པགས་འབྲུམ་འབྱུང་། པགས་འབྲུམ་དེ་སྤྱིར་ཐོག་མར་ངོ་གདོང་དང་མགོ། ལུས་པོ་བཅས་སུ་རིམ་བཞིན་འབྱུང་བ་རེད།མི་ལ་ལར་དེ་དང་བསྡོངས་ནས་གློ་བའི་གཉན་ཚད་དང་ཀླད་པའི་གཉན་ཚད་ཀྱང་འབྱུང་བ་ཡོད།
འགོས་ཁྱབ་རང་བཞིན་ལྡན་པའི་འགྲམ་རྨེན་གཉན་ཚད།
     འགོས་ཁྱབ་རང་བཞིན་ལྡན་པའི་འགྲམ་རྨེན་གཉན་ཚད་དེ་འགྲམ་རྨེན་གཉན་ཚད་ཀྱི་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་རེད། ནད་དེའང་བྱིས་པ་དང་ན་གཞོན་ལོ་ཆུང་རྣམས་ལ་འབྱུང་ཞིང་ལྷག་པར་དུ་ལོ་ལྔ་ནས་    དགུའི་བར་གྱི་བྱིས་པར་འབྱུང་ཚད་ཆེས་མཐོ།དེ་ནི་སྣ་ཁུང་དང་ཁའི་མཆིལ་ཟགས་བརྒྱུད་ ནས་ཕན་ཚུན་བགོས་པ་རེད།དེའི་ནད་རྟགས་ནི་ཚ་ལངས་ནས་ལུས་དྲོད་ཏུའུ་སོ་དགུ་ནས་བཞི་བཅུར་འབུད་སྲིད་ཅིང་།འགྲམ་པའི་གཤེར་རྨེན་སྐྲངས་ཞིང་རྣ་སྟེང་ཡོངས་སྐྲངས་ནས་ན་ཟུག་གཏོང་བ། ཁ་གདང་པའམ་ཟས་ལྡོད་པའི་སྐབས་སུ་ལྷག་ཏུ་ན་བ་རེད།ནད་དེ་གསོ་བཅོས་མ་བྱས་པར་འགོར་འགྱངས་སུ་བཏང་ན་ཀླད་སྐྱིའི་གཉན་ཚད་དང་གཤེར་མའི་     གཉན་ཚད། མཁལ་མའི་གཉན་ཚད། རླིག་འབྲས་གཉན་ཚད། བསམ་བསེའུ་གཉན་ཚད་  སོགས་འབྱུང་སྲིད།
གློ་བའི་གཅོང་ནད།
   དེ་ནི་གཅོང་ནད་དབྱིག་སྲིན་ནད་འབུས་བསླངས་བ་དང་གཙོ་བོ་དབུགས་ལམ་བརྒྱུད་གྱི་མཆིལ་ཟེགས་བརྒྱུུད་ནས་ཕན་ཚུན་ལ་བགོས་པ་རེད། ལོ་བཅོ་ལྔ་ནས་སོ་ལྔའི་སྐབས་ནི་གློ་བའི་གཅོང་ནད་འབྱུང་ཚད་ཆེས་མཐོ་བའི་སྐབས་རེད།   སྤྱིར་གློ་བའི་གཅོང་ནད་དེ་ཡུན་གྱིས་འབྱུང་ཞིང་ན་ཡུན་རིང་བ། ནད་པར་ཚ་ལངས་པ་དང་ཐང་ཆད་པ། ཡི་ག་མེད་པ། ལུ་བ་དང་ལུད་པའི་ནང་དུ་ཁྲག་ཅུང་ཟད་འདྲེས་པ། ངོ་མདོག་དམར་པོར་འགྱུར་བ། ལུས་ཀྱི་ཤ་སྐེམ་པ་སོགས་ནད་རྟགས་འབྱུང་སྲིད། འོན་ཀྱང་ནད་པ་མང་པོ་ཞིག་ལ་དང་ཐོག་ ནད་གཞི་ཡང་ཞིང་ནད་རྟགས་མངོན་གསལ་མེད་པས། xགློག་པར་ནང་དུ་བལྟས་ཚེ་ད་གཟོད་ཤེས་པ་དང་ཡང་ན་གློ་བུར་དུ་ཁྲག་སྐྱུགས་པ་བཅས་ལ་བརྟེན་ནས་ད་གཟོད་ངོས་  འཛིན་ཐུབ་པ་ཡིན།
རྐང་ལག་ཁ་ནད།
   རྐང་ལག་ཁ་ནད་ནི་ནད་དུག་རིགས་སྣ་ཚོགས་ཀྱིས་བསྐྱེད་པ་ཡིན་ཞིང་ཆེས་རྒྱུན་མཐོང་གི་རྒྱུ་ལམ་གྱི་ནད་དུག་ཅིག་ཡིན། དེ་ནི་ནད་པའི་ལུས་སྟེང་གི་ཆུ་བུར་དང་ཁའི་ནང་གི་མཆུ་ཟེགས། མི་གཙང་བའི་ལག་པ་དང་།རྩེད་ཆས། སྣོད་ཅ་ལག་སོགས་བརྒྱུད་ནས་ཕན་ཚུན་ལ་བགོས་པ་རེད། རྐང་ལག་ཁ་ནད་དེ་གཙོ་བོ་ལོ་བཞི་མན་གྱི་བྱིས་པར་འབྱུང་ཚད་མཐོ།ཁའི་ནང་དང་རྐང་པ་དང་ལག་པའི་སྟེང་དུ་ཆུ་བུར་འབུད་པ་དང་བསྟུན་ནས་ཚ་ལངས་པ་དེ་ ནད་རྟགས་གཙོ་བོ་ཡིན་ལ། ནད་པ་ལ་ལར་ད་དུང་དེ་དང་བསྡོངས་ནས་ནད་དུག་རང་ བཞིན་གྱི་ཀླད་སྐྱིའི་གཉན་ཚད་ཀྱང་འབྱུང་སྲིད།དེའི་ནད་རྟགས་ནི་ཚ་ལངས་པ་དང་མགོ་ན་བ། སྐེ་མཇིང་རེངས་པའམ་རྐེད་པ་ན་བ་བཅས་ཡིན། དེ་ལས་གཞན་པའི་རྒྱུན་མཐོང་གི་བསྡོངས་ཟླའི་ནད་ནི་སྙིང་ཤའི་གཉན་ཚད་དང་ཀླད་པ་དང་ཀླད་སྐྱིའི་གཉན་ཚད།གློ་བའི་གཉན་ཚད་བཅས་ཡིན། ནད་དེ་སྤྱིར་གཟའ་འཁོར་གཅིག་ཡས་མས་ནང་དྲག་འགྲོ་བ་རེད།
དེས་ན་གོང་གི་རིམས་ནད་དེ་དག་ཇི་ལྟར་སྔོན་འགོག་བྱེད་དགོས་སམ་ཞེ་ན།
གཅིག ལུས་ཕུང་འཁྱགས་སུ་མི་འཇུག་པ། མིའི་ལུས་ཕུང་འཁྱགས་པའི་སྐབས་སུ་དབུགས་ལམ་གྱི་ཁྲག་རྩ་ཇེ་ཕྲར་གྱུར་ནས་ལུས་སྟེང་དུ་ཁྲག་རྒྱུན་འདོན་ཚད་ཇེ་ཉུང་དུ་འགྲོ་བས། ལུས་སྟེང་གི་ནད་འགོག་ནུས་སྟོབས་ཇེ་ཞན་དུ་གྱུར་ནས་ནད་དུག་འགོ་སླ་བ་རེད། དེ་བས་དགུན་ཁར་ཚང་མས་ལྭ་བ་སོགས་དྲོན་པོ་གྱོན་ནས་ལུས་ཕུང་འཁྱགས་སུ་འཇུག་མི་རུང།
གཉིས། འགྲོ་འདུག་ཉལ་འཆག་གི་གོ་རིམ་མི་འཁྱོལ་བ། གཉིད་བཟང་པོ་ལོག་ན་ངལ་དུབ་སེལ་ཐུབ་པར་མ་ཟད། ལུས་ཀྱི་རིམས་འགོག་ནུས་སྟོབས་ཀྱང་ཇེ་བཟང་དུ་གཏོང་ཐུབ།
གསུམ། ཁོར་ཡུག་གཙང་མར་གནས་པ། ཁང་བའི་སྒོ་དང་དྲ་མ་རྒྱུན་དུ་ཕྱེ་ནས་མཁའ་    དབུགས་རྒྱུ་རུ་འཇུག་དགོས་པ་དང་ཉི་འོད་རྒྱག་ཏུ་འཇུག་དགོས། ཉི་འོད་ཁྲོད་ཀྱི་སྨུག་  ཕྱིའི་འོད་ལ་ནད་འབུ་གསོད་པའི་ནུས་པ་ཡོད། དེ་ལས་གཞན་སྐྱུར་ཚུའུ་གདུས་པའི་རླངས་ པ་ཁང་བའི་ནང་དུ་བདུག་ནའང་དེ་ལ་དུག་སེལ་གྱི་ནུས་པ་ཡོད་པ་རེད།
བཞི། ལུས་ཕུང་སྦྱོང་བརྡར་བྱས་ནས་ལུས་སྟོབས་ཇེ་བཟང་དུ་གཏོང་བ།ལུས་ཕུང་སྦྱོང་བརྡར་བྱས་ན་ལུས་སྟེང་གི་ཁྲག་རྒྱུན་འཁོར་སྐྱོད་བྱེད་པར་ཕན་པས།      ལུས་སྟོབས་ཇེ་བཟང་དུ་
གཏོང་ཐུབ།
ལྔ། དགུན་ཁར་མཁའ་དབུགས་སྐམ་ཤས་ཆེ་བས་རྒྱུན་དུ་ཆུ་ཁོལ་མང་ཙམ་འཐུང་བ་དང་སྔོ་ཚོད་དང་སིལ་ཏོག་གསར་བའི་རིགས་མང་ཙམ་ཟ་དགོས། སིལ་ཏོག་གི་ནང་དུ་འཚོ་རྒྱུ་བེ་ཧྲིན་སུའུ་ཞེས་པ་དེ་འདུས་ལ། ལྷག་པར་དུ་འཚོ་རྒྱུ་བེ་ཧྲིན་སུའུcཞེས་པ་དེའི་ནང་དུ་ཆམ་ནད་འགོག་པའི་ནུས་པ་ཡོད། དུས་མཚུངས་སུ་སྲན་མའི་རིགས་དང་ཉ་དང་སྒོ་ངའི་རིགས་སོགས་ཀྱི་ནང་དུ་སྒོང་སྤྲི་ཕུན་སུམ་ཚོགས་པ་ཡོད་པས། དེས་ཀྱང་ལུས་སྟོབས་དང་རིམས་འགོག་ནུས་སྟོབས་ཇེ་བཟང་དུ་གཏོང་ཐུབ།
དྲུག རིམས་ནད་འགོག་ཁབ་རྒྱག་པ།རིམས་འགོག་ས་ཚིགས་སམ་ཡང་ན་ཚད་ལྡན་གྱི་སྨན་ཁང་ཞིག་ལ་སོང་ནས་རིམས་འགོག་སྨན་ཁབ་བརྒྱབ་ན་བཟང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1