གློག་བརྙན་《རྒྱུ་སྐུད་སྟེང་གི་རྣམ་ཤེས།》ཀྱི་གཙོ་སྐྲུན་མི་སྣ་འགྲེམ་སྟོན་རྗེས་ཀྱི་ངོ་འཕྲད་ཚོགས་འདུར་ཞུགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 06-17


                  སྤྱི་ཟླ་6པའི་ཚེས་15ཉིན། གློག་བརྙན་《རྒྱུ་སྐུད་སྟེང་གི་རྣམ་ཤེས།》ཧྲང་ཧའེ་རུ་འགྲེམ་སྟོན་བྱས་ཤིང་། སྒྲིག་བཟོ་པ་ལི་ལི་དང་འཁྲབ་སྟོན་པ་ཀྲང་དབྱང་གིས་གཙོ་འཁྲབ་པ་སྦྱིན་པ། ཆོས་ཉིད་ཚེ་རིང་། བསོད་ནམས་ཉི་མ། བཀྲ་ཤིས་དོན་འགྲུབ་བཅས་དང་ལྷན་དུ་འགྲེམ་སྟོན་རྗེས་ཀྱི་ངོ་འཕྲད་ཚོགས་འདུར་ཞུགས། གློག་བརྙན་དེ་ཐེངས་འདིའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འགྲན་ཞུགས་ལེ་ཚན་གཙོ་བོར་ཚུད།

                  གློག་བརྙན་《རྒྱུ་སྐུད་སྟེང་གི་རྣམ་ཤེས།》ལ་བསྡོམས་པས་མ་དངུལ་སྒོར་ཁྲི་1700གཏོང་འཇོག་བྱས་ཤིང་། བརྙན་ལེན་གྱི་དུས་ཚོད་ཟླ་3ལྷག་འགོར། དེ་ཡང་འཁྲབ་ཁྲིད་པ་ཀྲང་དབྱང་གིས་ལོ་གཅིག་གི་ནང་དུ་གློག་བརྙན་གཉིས་སྔ་གཞུག་ཏུ་ཕབ་སྐྲུན་བྱས་པ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1