ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ལི་ཞི་ཏི་ཨོ་ལ་མཇལ་འཕྲད་གནང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-21


  སྤྱི་ཟླ་6པའི་ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝར་སོ་རུ་ཕོ་ལན་གྱི་ཙུང་ལི་ཞི་ཏི་ཨོ་ལ་མཇལ་འཕྲད་གནང་།
  ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་ཧུར་ཐག་གིས་ཕོ་ལན་གྱི་ལྕགས་ལམ་ལམ་ཐིག་བཅོས་སྒྱུར་དང་མཚོ་ལམ་འཛུགས་སྐྲུན། བཟོ་ལས་ཁུལ་སོགས་ཀྱི་ལས་གཞི་ལ་ཟབ་ཞུགས་བྱས་ཏེ་ཕྱོགས་གཉིས་ཀྱི་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་གཏང་འདོད། ཕྱོགས་གཉིས་ཀྱིས་མཉམ་ལས་གཉིས་རྒྱལ་གྱི་རྩ་དོན་ལྟར་ཕྱོགས་གཉིས་ཀྱི་བཟོ་ཚོང་རྒྱ་ཁྱོན་རྒྱ་སྐྱེད་དང་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་མ་དངུལ་གཏོང་བར་རྒྱ་སྐྱེད་དེ་དངུལ་རྩ་མཉམ་ལས་རྒྱ་སྐྱེད་དགོས་པར་མ་ཟད། ས་གནས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་རིག་མཛོད་དང་སློབ་ཆེན། སློབ་གཉེར་བའི་བརྗེ་རེས། ཡུལ་སྐོར་མཉམ་ལས་བཅས་ལ་སྐུལ་འདེད་གཏོང་བ་དང་། དགུན་ཁའི་ལུས་རྩལ་སྦྱོང་བརྡར་སོགས་ལུས་རྩལ་ཁྱབ་ཁོངས་སུ་ཕན་ཚུན་ལ་སློབ་སྦྱོང་དང་དཔེ་སྟོན་བྱས་ཏེ་ཀྲུང་གོ་དང་ཕོ་ལན་གྱི་མི་ཆོས་བརྗེ་རེས་ལ་གཡུར་དུ་ཟ་བའི་གྲུབ་འབྲེས་ལོན་པར་སྐུལ་འདེད་གཏང་དགོས་ཞེས་བསྟན། 
  ཞི་ཏི་ཨོ་ཡིས་ཕོ་ལན་སྲིད་གཞུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ཕོ་ལན་དུ་འཚམས་འདྲིར་ཕེབས་པར་ཚད་མཐོ་བའི་མཐོང་ཆེན་གནང་བཞིན་ཡོད། གོ་སྐབས་འདི་དང་བསྟུན་ཏེ་ཀྲུང་གོའི་བར་གྱི་བཟོ་ཚོང་དང་དངུལ་འཇོག ཞིང་ལས། སྐྱེལ་འདྲེན། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཅེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1