ཞི་ཅིང་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-22


  སྤྱི་ཟླ་6པའི་ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པོའུ་ཧ་ལར་ཕེབས་ཏེ་ཨུ་ཟ་བྷེ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས་པར་མ་ཟད་ཐ་ཧྲི་ཀན་ནས་སྤེལ་བའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་ཐེངས་བཅུ་དྲུག་པའི་གྲོས་ཚོགས་སུ་ཞུགས་རྒྱུ་རེད། 

  ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་མི་དམངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་ཞུས་ཤིང་། ཁོང་གིས་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲོལ་རྒྱུན་མཛའ་འབྲེལ་གྱི་ཆུ་རྒྱུན་ཤིན་ཏུ་རིང་། ལོ་ངོ་སྟོང་གཉིས་ལྷག་གི་སྔོན་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་རླབས་ཆེ་བའི་དར་གོས་ཚོང་ལམ་གཏོད་དེ་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གཉིས་ཀྱི་མཛའ་མཐུན་འགྲོ་འོང་དང་ཕན་ཚུན་ལ་སློབ་སྦྱོང་དང་དཔེ་སྟོན་བྱེད་པའི་ལོ་རྒྱུས་འགོ་བརྩམས་པ་རེད། མིག་སྔར་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གཉིས་ཀྱི་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་སྒྲིག་གཞིའི་འོག་ཁྱོན་ཡོངས་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ངས་སྲིད་འཛིན་ཁ་ལི་མོ་ཧྥོ་དང་མཉམ་དུ་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་འབྲེལ་བའི་ཆུ་ཚད་མཐོར་འདེགས་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་དགོངས་འཆར་བརྗེ་རེས་བྱས་ཏེ་མཉམ་དུ་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་འབྲེལ་བར་ཇུས་འགོད་དང་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་གྱི་ཐུན་མང་ཚོགས་པ་དང་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་རེ་སྒུག་བྱས་བཞིན་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1