ལི་ཁེ་ཆང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུ་དང་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-27
སྤྱི་ཟླ་6པའི་ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཐེན་ཅིན་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུ་ལ་མཇལ་འཕྲད་གནང་།
ལི་ཁེ་ཆང་གིས་དབྱར་དུས་ཀྱི་ཏ་ཨོ་སི་གླེང་སྟེགས་བསྒྲུབས་ནས་ལོ་ངོ་10འགོར་བའི་རིང་ལ་ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་བརྗེ་རེས་དང་མཉམ་ལས་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད། ཐེངས་འདིའི་གླེང་སྟེགས་ཀྱིས་སྐབས་བཞི་བའི་བཟོ་ལས་གསར་བརྗེ། བསྒྱུར་བཀོད་ཀྱི་སྟོབས་ཤུགས་ཞེས་པའི་བརྗོད་སྙིང་དུ་བཟུང་ནས་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་པར་རྒྱལ་ཁབ་སོ་སོའི་དཔལ་འབྱོར་སྒྲིག་གཞིའི་བསྒྱུར་བཀོད་རིམ་འཕར་གྱི་བསམ་བློ་རྒྱ་སྐྱེད་དང་ཐུན་མོང་གི་འདུ་ཤེས་གཅིག་སྡུད་བྱེད་པར་ཕན་ནུས་གལ་ཆེན་ཐོན་པ་རེད་ཅེས་བསྟན།
ཧྲི་ཝ་པུ་ཡིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་དང་ཀྲུང་གོའི་བར་མཛའ་མཐུན་འབྲེལ་བ་ལེགས་པོ་བཙུགས་ཤིང་ཀྲུང་གོ་སྲིད་གཞུང་གིས་བཅོས་སྒྱུར་གསར་གཏོད་བྱེད་པར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་ངེས། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་བསྒྱུར་བཀོད་རིམ་འཕར་སོགས་འཐབ་ཇུས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་འདོན་པར་ཡིད་ཆེས་ཡོད་ཅེས་བསྟན།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1