དཀར་མཛེས་ཁུལ་གྱིས་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-29


    

    སྤྱི་ཟླ་6པའི་ཚེས་20ཉིན་ནས་ཚེས་21བར། སྐབས་དགུ་བའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་རིག་རྩལ་ཡུལ་སྐོར་བྱེད་སྒོའི་འབའ་ཐང་འགྲན་ཁུལ་གྱི་གྲ་སྒྲིག་འགྲན་བསྡུར་དང་བདུན་གཅིག་བསུ་བ་དང་ཏང་གི་དྲིན་དྲན་པ་ཞེས་པའི་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་དང་སློབ་གསོའི་རིག་རྩལ་འཁྲབ་སྟོན་ཁམས་ལྷོ་མི་རིགས་མཐོ་འབྲིང་དུ་གཟབ་རྒྱས་ངང་འཚོགས།  

   ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་སྤེལ་ཡུན་ཉིན་གཉིས་ཡིན་ཞིང་། ནང་དོན་ཐད་ལ་ལང་ཚོའི་གླུ་དབྱངས། ཕུགས་བསམ་གྱི་མེ་ཏོག་བཞད་ཅེས་པའི་འབའ་ཐང་ན་གཞོན་གཞས་པའི་གླུ་དབྱངས་འགྲན་བསྡུར་དང་བོད་ཀྱི་ཞབས་བྲོ་འགྲན་བསྡུར། ཁམས་པའི་རོལ་དབྱངས་འགྲན་བསྡུར་བཅས་གསུམ་འདུས་པ་དང་། རྫོང་ཡོངས་ཀྱི་སྡེ་ཚན་ཁག་དང་ཡུལ་གྲོང་ཁག སློབ་གྲྭ་ཁག་གིས་གྲུབ་པའི་ཞབས་བྲོ་ཚན་ཁག་12དང་གླུ་བ་15བྱེད་སྒོའི་ནང་ཞུགས། འགྲན་བསྡུར་གསུམ་ལས་བརྩམས་ཆོས་ཁག་ཅིག་བདམས་བཀོད་བྱས་ཏེ་འབའ་ཐང་གི་ཚབ་བྱས་ནས་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལྷོ་ལམ་ཡུལ་ཁུལ་གྱི་བསྐྱར་འགྲན་དང་མཇུག་མཐའི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།  
     འགྲན་ཞུགས་པ་དག་གིས་དུས་འགོའི་གྲ་སྒྲིག་ཆ་ཚང་བྱས་ཤིང་།ཁོ་ཚོས་ངལ་གསོའི་དུས་ཚོད་དམ་འཛིན་དང་བེད་སྤྱོད་བྱས་ནས་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དང་རིག་རྩལ་ཡུལ་སྐོར་བྱེད་སྒོའི་འབའ་ཐང་འགྲན་ཁུལ་གྱི་གྲ་སྒྲིག་འགྲན་བསྡུར་དང་། བདུན་གཅིག་བསུ་བ་དང་ཏང་གི་དྲིན་དྲན་པ་ཞེས་པའི་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་དང་སློབ་གསོའི་རིག་རྩལ་འཁྲབ་སྟོན་སོགས་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1