ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་སི་ཁྲོན་བོད་ཁུལ་ལ་རྟོག་ཞིབ་ཏུ་ཕེབས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-29


            ཉེ་ལམ། སིང་ཀ་ཕོར།  འཇར་མན།  དབྱི་སི་རལ།  ཕོ་ལན།  ཅེ་ཁེ།  ཐེ་གོ  ཨོ་སི་ཁྲུ་ལི་ཡ་བཅས་ཀྱི་རྒྱལ་ཁབ་ཀྱི་ཁྲིན་ཏུའུ་ལ་གནས་པའི་སྤྱི་ཁྱབ་གཞུང་ཚབ་ཁང་དང་ཁ་ན་ཏ་དང་དབྱིན་ཇིའི་ཁྲུང་ཆིན་ཏུ་གནས་པའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་སྤྱི་ཁྱབ་གཞུང་ཚབ།  དེ་མིན་འབར་མའི་ཁུན་མིང་ཏུ་གནས་པའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་སྤྱི་ཁྱབ་གཞུང་ཚབ་བཅས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ།  དེ་མིན་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། ་སྤྱི་ཚོགས་ལས་རིགས་འཕེལ་རྒྱས་སོགས་ལ་རྟོག་ཞིབ་གནང་།  གཞུང་ཚབ་པ་རྣམས་སྔ་རྗེས་སུ་ལི་ཐང་རྫོང་གནས་མཆོག་ཞིང་གྲོང་དང་ཁོ་ལེ་དགོན།  དེ་མིན་འདབ་པ་རྫོང་ཞིང་དུད་དང་ཡུལ་མིའི་སྣེ་ལེན་དཔེ་སྟོན་དུད་ཚང་།  ད་དུང་ཉི་བརྟེན་མཛེས་ལྗོངས་ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་སྡེའི་རྒྱུན་སྡོད་སློབ་གྲྭ་དང་འཕྲོད་སྟེན་ཁང་སོགས་སུ་རྟོག་ཞིབ་གནང་པར་ཕེབས། 

           ཉིན་མ་གཉིས་ཀྱི་དུས་ཚོད་ནང་སྤྱི་ཁྱབ་གཞུང་ཚབ་རྣམས་ཀྱིས་ནན་ཏན་སྒོས་རྟོག་ཞིབ་གནང་བས།   དཀར་མཛེས་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཁོང་རྣམ་པར་བབ་ཆགས་ཟབ་མོ་བཞག་པ་དང་། གཞུང་ཚབ་མང་པོ་ཞིག་གིས་སྤྱི་ཁྱབ་གཞུང་ཚབ་ཁང་དུ་ལོག་ནས་དཀར་མཛེས་ཁུལ་གྱི་ཁྱད་ལྡན་གྱི་ཐོན་ཁུངས་ལ་དབྱེ་ཞིབ་བྱས་ནས་དཀར་མཛེས་ཁུལ་དང་མཉམ་ལས་ཀྱི་རྣམ་གྲངས་བཙལ་ཏེ་ས་ཁུལ་བར་གྱི་མཉམ་ལས་བརྗེ་རེས་སྐུལ་འདེད་དུ་བཏང་ནས་བོད་རིགས་ས་ཁུལ་དང་མཉམ་ལས་འགྲོ་འོང་ཇེ་ཟབ་ཏུ་བཏང་རྒྱུ་ཡིན་བཅས་བསྟན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1