བོད་ཁུལ་དུ་གནད་སྨིན་དབུལ་སྐྱོར་དབུལ་བྲལ་གནད་འཕིགས་ཡོང་བར་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-01


    ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར།སྤྱི་ཟླ་6པའི་ཚེས་29ཉིན།མཐོ་སྒང་བོད་ཁུལ་གྱིས་དབུལ་བྲལ་འགག་སྒྲོལ་བྱེད་པའི་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུ་དེ་རྔ་བ་ཁུལ་ཧུང་ཡོན་རྫོང་ནས་འཚོགས།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལའི་ཀོ་ཀྲུང་གིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གཏམ་བཤད་ཀྱང་གནང་སྟེ།ནན་ཏན་གྱིས་ཞིང་ཆེན་དབུལ་བྲལ་འགག་སྒྲོལ་གྱི་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ཡོང་བར་བྱས་ནས། སྐུལ་འདེད་ཤུགས་ཆེན་དང་སྤུས་ཚད་འགན་ལེན་བྱེད་པར་ཁག་ཐེག་བྱས་ཏེ།མཐའ་གཅིག་དུ་ད་ལོའི་བོད་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་ཡོང་བར་བྱ་དགོས་པའི་ནན་གསུངས་གནང་། སྤྱི་ཟླ་6པའི་ཚེས27ནས་ཚེས28ཉིན་གྱི་བར་ལ།ལའི་ཀོའུ་ཀྲུང་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དང་རྟའུ་རྫོང་།རོང་བྲག་རྫོང་།རྔ་བ་ཁུལ་གྱི་ཆུ་ཆེན་རྫོང་དང་འབར་ཁམས་གྲོང་ཁྱེར།ཧུང་ཡོན་རྫོང་དུ་བསྐྱོད་དེ།དབུལ་པོའི་ཁྱིམ་ཚང་དང་གླིང་ཁུལ་ཁེ་ལས་ལ་ཡུལ་དངོས་སུ་རྟོགས་ཞིབ་གནང་སྟེ།གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་བར་བརྩེ་བ་ཟབ་མོའི་བགྲོ་གླེང་གནང་ནས།དབུལ་བྲལ་འགག་སྒྲོལ་གྱི་ལས་ཀ་ཁག་བཀོད་སྒྲིག་དང་སྐུལ་འདེད་དོན་འཁྱོལ་བྱས་པའི་གནས་ཚུལ་ཐད་རྒྱུས་ལོན་ཞིབ་འཕྲ་གནང་བ་རེད།ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་དང་བོད་ཁུལ་གྱི་དབུལ་ཕོངས་རྫོང་ཁ་ཤས་སུ་ཟབ་འཇུག་བྱས་ནས། ཡུལ་གྲོང་དང་ཡུལ་ཚོའི་ནང་དུ་ཞིབ་བཤེར་དཔྱད་དཔོག་བྱས་ཡོད། ཚེས29ཉིན་བསྡུ་འཚོགས་བྱས་པའི་གྲོས་ཚོགས་ཐོག་དུ།རྔ་བ་ཁུལ་དང་དཀར་མཛེས་ཁུལ།དར་མདོ་གྲོང་ཁྱེར་དང་ཕྱག་ཕྲེང་རྫོང་།ཧུང་ཡོན་རྫོང་།ཟུང་ཆུ་རྫོང་།དེ་མིན་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཕན་ཚུན་བར་དུ་གཏམ་བཤད་སྤེལ་རེས་གནང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1