དབྱིན་ཇིའི་ཁྲོམ་གཞུང་དུ་འཛམ་གླིང་འཁྲུག་ཆེན་དང་པོའི་དམག་མི་སླེབས་འདུག

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-05


        དབྱིན་ཇིའི་རྒྱང་སྒྲོག་ལས་ཁུངས་BBCཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་ཆར། ལུས་ལ་འཛམ་གླིང་འཁྲུག་ཆེན་དང་པོའི་དམག་གོས་གྱོན་ཡོད་པའི་དང་བླངས་པ་1500དབྱིན་ཇིའི་ཀེ་ལ་སུ་ཀོ་ཁྲོམ་གཞུང་དུ་ཐོན། དེ་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་ཡུལ་དངོས་སུ་སླེབས་པ་དང་ཀུན་ནས་མཚུངས། 

        ཐེངས་འདིའི་བྱེད་སྒོ་ནི་སྒྱུ་རྩལ་པ་ཅེ་རུའེ་མི་ཏའེ་ལུ་དང་རྒྱལ་ཁབ་ཟློས་གར་ཁང་གི་འཁྲབ་སྟོན་པས་གྲོས་འགོ་བཏོན་ཞིང་། འཛམ་གླིང་འཁྲུག་ཆེན་དང་པོའི་སོམ་ཆུའི་གཡུལ་འགྱེད་ལོ་བརྒྱ་ལོན་པར་དྲན་གསོ་བྱས་པ་ཡིན། སོམ་ཆུའི་གཡུལ་འགྱེད་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་ཁྲོད་གཞི་རྒྱ་ཆེས་ཆེ་བའི་གཡུལ་འགྱེད་ཐེངས་ཤིག་ཡིན་ཏེ། ཤི་རྨས་ཀྱི་མི་གྲངས་ཁྲི་130ཟིན་པ་དང་འཛམ་གླིང་འཁྲུག་ཆེན་དང་པོའི་ཁྲོད་ཆེས་ཡ་ང་བའི་གཡུལ་སའི་དམག་འཐབ་ཅིག་ཀྱང་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1