རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སི་ཁྲོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟའི་འཆར་གཞི་ལ་ཆོག་མཆན་གནང་།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-05
སྤྱི་ཟླ་7པའི་ཚེས4ཉིན། ཀྲུང་གོའི་སྲིད་གཞུང་དྲ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《སི་ཁྲོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟའི་འཆར་འགོད། 》ལ་མཆོག་མཆན་གནང་བའི་གནས་ཚུལ་སྤེལ། སི་ཁྲོན་ཞིང་ཆེན་གྱིས་མ་ལག་ལྡན་པར་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟའི་འཆར་འགོད་ལ་གཞི་རྩའི་ཐོག་མོས་མཐུན་བྱུང་།
མཆོག་མཆན་ལས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་དམིགས་པ་དང་གཞན་བསྒྱུར་རིམ་འཕར་མངོན་འགྱུར་ཡོང་བ་དེ་དམིགས་ཡུལ་དུ་བཟུང་ནས། ཁྲེན་ཏུའུ་དང་ཏེ་དབྱང་།མེན་དབྱང་སོགས་ས་ཁུལ་གྱི་མངག་བཅོལ་ལྟར། མ་ལག་རང་བཞིན་དང་ཧྲིལ་བོའི་རང་བཞིན། མཉམ་ལས་ཀྱི་རང་བཞིན་སོགས་བཅོས་བསྒྱུར་གྱི་བྱེད་ཐབས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ནས། མགྱོགས་མྱུར་དུ་བྱ་བའི་རྒྱུ་རྐྱེན་དང་ཁྱབ་ཁོངས་མང་པོ། ནུས་ལྡན་སྒོས་དམག་ དམངས་མཉམ་འདྲེས་འཕེལ་རྒྱས་འགྲོ་བའི་གནས་བབ་འཐུས་ཚང་སུ་བཏང་ཐོག དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྒྱུན་རྣམ་གསར་པའི་འོག་གི་ལམ་ལུགས་ནང་རྐྱེན་དང་འཕེལ་རྒྱས་ཀྱི་བྱེད་ཐབས་འགྲུབ་པར་བྱ་དགོས། སི་ཁྲོན་ཞིང་ཆེན་གཞན་སྒྱུར་རིམ་འཕར་འཕེལ་རྒྱས་དང་དུས་ཡུན་རིང་བོར་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་ཞིག་གདིང་དགོས་པའི་བླང་བྱ་བཏོན།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁུལ་8ཀྱི་འཆར་འགོད་ལ་ཆོག་མཆན་གནང་བའི་ཐད་ནས་བལྟས་ན། སི་ཁྲོན་ནི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁྱབ་ཁོངས་4ཁྲོད་ཀྱི་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏིང་ཟབ་གཏོང་བ་ཡིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟའི་ས་ཁུལ་ལ་སྐུལ་འདེད་གཏོང་བའི་ས་ཁུལ་གཅིག་པུ་ཡིན་པ་དང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་དུ་གཏོང་བ་ཇེ་མགྱོགས་སུ་གཏོང་བ་ནི་སི་ཁྲོན་གྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཚོད་ལྟ་བྱེད་པའི་ཆེས་མངོན་གསལ་གྱི་འགན་འཁྲི་ཞིག་ཡིན་པ་རེད། །