སྤྱི་ཟླ་7པའི་ཚེས་12ཉིན་གྱི་དགོང་མོར། ཟུང་ཆུའི་སྐབས་དང་པོའི་མེ་ཏོག་མཆོད་པའི་དུས་ཆེན་གཟབ་རྒྱས་ངང་འགོ་ཚུགས། ཇ་རྟའི་ཚོང་ལམ་དང་རྒྱ་བོད་མཛའ་འབྲེལ་སོགས་བརྗོད་གཞི་སྣ་མང་ཅན་གྱི་མེ་ཏོག་མཆོད་པ་དངོས་སུ་གཉེར་འགོ་ཚུགས།
ཞིང་ཆེན་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་ཟུང་ཆུ་རྫོང་གི་འགོ་ཁྲིད་རྒན་པའི་སྐུ་ཚབ། ཁུལ་ཡོངས་ཀྱི་རྫོང་ཁག་13གྱི་འཐུས་ཚབ། དེ་མིན་ས་གནས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་དང་ཟུང་ཆུའི་བོད་ཆའང་གཙོ་བྱས་པའི་མི་རིགས་ཁག་གི་མང་ཚོགས་དུས་ཆེན་འགོ་ཚུགས་མཛད་སྒོར་ཞུགས། ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་གནའ་མཁར་ཟུང་ཆུའི་མེ་ཏོག་མཆོད་པའི་དུས་ཆེན་མཛད་སྒོ་སྤྱི་ཟླ་7པའི་ཚེས་12ནས་སང་ལོའི་སྤྱི་ཟླ་2པའི་ཚེས་12བར་དུ་གཉེར་རྒྱུ་རེད།།