སྤྱི་ཟླ་7པའི་ཚེས་15ཉིན། ཧྥ་རན་སིའི་ལྷོ་རྒྱུད་གྲོང་ཁྱེར་ཉི་སིའི་དབྱིན་ཇི་བའི་འཆམ་ཁུལ་སྲང་ལམ་གྱི་ཉེ་འགྲམ་དུ། མི་རྣམས་ཀྱིས་འཇིགས་སྐུལ་པའི་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དག་ལ་མྱ་ངན་ཞུས། སྤྱི་ཟླ་7པའི་ཚེས་15ཉིན། ཧྥ་རན་སིའི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། སྤྱི་ཟླ་7པའི་ཚེས་16ཉིན་ནས་བཟུང་ཉིན་གསུམ་ལ་རྒྱལ་ཡོངས་ཀྱིས་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་རེད། སྤྱི་ཟླ་7པའི་ཚེས་14ཉིན་ལ་ཧྥ་རན་སིའི་རྒྱལ་སྟོན་དུས་ཆེན་གྱི་དགོང་མོར། ལྗིད་འཁོར་ཞིག་ལྷོ་ཁུལ་གྱི་ཡུལ་སྐོར་བ་མང་པོ་ཡོད་པའི་གྲོང་ཁྱེར་ཉི་སིའི་དབྱིན་ཇི་བའི་འཆམ་ཁུལ་སྲང་ལམ་ཆེན་པོའི་མི་ཚོགས་ཀྱི་ཁྲོད་དུ་ཡོང་ནས། མ་མཐའ་ཡང་མི་84རྐྱེན་ལམ་དུ་ཤོར་བ་དང་། མི་202རྨས་སྐྱོན་ཕོག་པ་རེད།།