2016ལོའི་ཟླ་7པའི་ཚེས་15ཉིན། སྐབས་དྲུག་པའི་འཛམ་གླིང་ན་གཞོན་ནང་བསྟན་བགྲོ་གླེང་ཚོགས་འདུ་མཇུག་སྒྲིལ་ལ་ཉེ་ཞིང་། ཉིན་དེའི་དགོང་མོར། ཐེངས་འདིའི་འཛམ་གླིང་ན་གཞོན་ནང་བསྟན་མཐུན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ་དང་གཟེངས་བསྟོད་མཛད་སྒོ་བདེ་བླག་ངང་འཚོགས།
ཚེས་15ཉིན་གྱི་བགྲོ་གླེང་ཚོགས་འདུའི་ནང་དོན་ཕུན་སུམ་ཚོགས་ཤིང་། བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་གཉིས་ཀྱིས་སོ་སོས་ནང་སེམས་ཀྱི་ཞི་བདེ་བསྐྲུན་པ་དང་འཛམ་གླིང་ལ་ཅིའི་ཕྱིར་ཞི་བདེ་དགོས་པ་གཉིས་བརྗོད་གཞི་བྱས་ཏེ་གསུང་བཤད་གནང་བར་མ་ཟད། ནང་བསྟན་ལ་གཞིགས་ནས་ཚོགས་འདུའི་བརྗོད་གཞི་ཞི་བདེའི་ལམ་ལ་གསལ་འགྲེལ་གནང་།།