དཀར་མཛེས་ཁུལ་གྱིས་རི་སྐྱེས་ཤ་མོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། ཁམས་པའི་དྲ་བ། ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། སྤེལ་དུས། 07-21


  ཉེ་ཆར། དཀར་མཛེས་ཁུལ་གྱི་རི་སྐྱེས་ཤ་མོ་སྔ་གཞུག་ཏུ་ཚོང་རར་ཐོན་ཏེ། བཟའ་ཆས་བདེ་འཇགས་ཀྱི་ཆེད་དུ་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་ལྗོངས་ཁུལ་གྱི་བཟའ་བཏུང་ཞབས་ཞུ་དང་། འཛུགས་སྐྲུན་ལས་ཡུལ་ཀྱི་ཟ་ཁང་། གྲོང་གསེབ་ཀྱི་རང་སྒྲུབ་ཚོགས་སྤྱིའི་རང་བཞིན་གྱི་གསོལ་སྟོན་དང་ཕྱོགས་བསྡུས་ཞིང་ལས་ཉོ་ཚོང་ཁྲོམ་ར། ཡུལ་ཤོག་དང་གྲོང་རྡལ་གྱི་ཚོང་འདུས་ཁྲོམ་ར་སོགས་རིགས་ཁག་གི་བཟའ་བྱའི་ཞིང་ལས་ཐོན་རྫས་གཅིག་སྡུད་ཀྱི་ཕྱིར་འཚོང་བྱེད་གནས་ལ་ཞིབ་ཕྲའི་བླང་བྱ་དང་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ།

 གཅིག་ནས། སྐོར་ཞིབ་བྱེད་ཤུགས་དང་ཞིབ་བཤེར་གཙོ་གནད་དུ་བཟུང་བ།

 གཉིས་ནས་གཉེར་སྐྱོང་གྲུབ་ཆ་གཙོ་བོར་དོ་དམ་ནན་པོ་བྱས་པ།

 གསུམ་ནས་དྲིལ་བསྒྲགས་ལས་ཀ་ཡག་པོར་བསྒྲུབས་པ།

 བཞི་ནས་རི་སྐྱེས་ཤ་མོ་དུག་ཕོག་པའི་དོན་རྐྱེན་ལ་བབ་བསྟུན་དོ་དམ་དང་གཙང་སེལ་ལས་ཀར་ཤུགས་སྣོན་བརྒྱབ་པ།

 ལྔ་ནས་བླང་བྱ་མངོན་གསར་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1