ཞི་ཅིན་ཕིང་གིས་དབྱིན་ཁྲོན་ནས་ཤར་ནུབ་ས་ཁུལ་གྱི་དབུལ་སྐྱོར་མཐུན་སྦྱོར་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོར་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-22


        སྤྱི་ཟླ་7པའི་ཚེས་21ཉིན།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཁྲོན་ནས་ཤར་ནུབ་ས་ཁུལ་གྱི་དབུལ་སྐྱོར་མཐུན་སྦྱོར་བཞུགས་མོལ་ཚོགས་འདུར་གཙོ་སྐྱོར་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཤར་ནུབ་ས་ཁུལ་གྱི་དབུལ་སྐྱོར་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར་ནི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་མཉམ་ལས་འཕེལ་རྒྱས། མཉམ་དུ་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་བའི་འཐབ་ཇུས་ཆེན་པོ་ཞིག་ཡིན་ཡིན་པར་མ་ཟད། ཁུལ་ཁོངས་མཉམ་ལས་ལ་ཤུགས་སྣོན་དང་ཐོན་ལས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། རྒྱལ་ཁབ་ཕྱི་ནང་ལ་སྒོ་འབྱེད་པའི་བར་སྟོང་གསར་པ་རྒྱ་སྐྱེད་པའི་བཀོད་སྒྲིག་ཆེན་པོ་ཞིག་ཡིན་པ་དང་། སྔོན་ལ་ཕྱུག་པོར་གྱུར་བ་དག་གིས་མི་གཞན་ཕྱུག་བསྒྱུར་བྱེད་པར་རོགས་རམ་བྱེད་པ་དང་། མཇུག་མཐར་མཉམ་དུ་ཕྱུག་བསྒྱུར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་བྱེད་ཐབས་ཆེན་པོ་ཞིག་ཡིན་པས། ངེས་པར་དུ་གནས་བབ་ལ་དབྱེ་ཞིབ་དང་གནད་ཁེལ་གཅིག་སྡུད། གཏིང་ཟབ་རོགས་སྐྱོར། ཕན་ནུས་འགན་སྲུང། ལས་ཀའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་ཁྱོན་ཡོང་ནས་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀར་རྒྱལ་ཁ་ལེན་དགོས་ཞེས་བསྟན། 
        ཞི་ཅིན་ཕིང་གིས་ཉིན་ཞ་རུ་བྱ་བར་རྟོག་ཞིབ་མཛད་སྐབས་ཆེད་དུ་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་བསྡུས་པ་ཡིན་ལ། པེ་ཅིན་དང་ཐེན་ཅིན། ལེའོ་ཉིན། ཧྲང་ཧེ། ཅང་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཧྲན་ཏུང་། ཀོང་ཏུང་། ཏ་ལེན། སུའུ་ཀྲིག ཧང་ཀྲིག ཉིན་པོ། ཞ་མིན། ཆིན་ཏའོ། ཀོང་ཀྲིག ཧྲིན་ཀྲིན། ཀྲུའུ་ཧེ་སོགས་རོགས་སྐྱོར་ལས་འགན་ཡོད་པའི་ཤར་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་དགུ་དང་གྲོང་ཁྱེར་དགུའི་ཏང་ཨུའི་ཧྲུའུ་ཅི། དེ་མིན་ནང་སོག་དང་ཀོང་ཞི། ཁྲུང་ཆིན། སི་ཁྲོན། ཀོས་ཀྲོའུ། ཡུན་ནན། བོད་ལྗོངས། ཧྲན་ཞི། ཀན་སུའུ། མཚོ་སྔོན། ཉིན་ཞ། ཞིན་ཅང་སོགས་རོགས་སྐྱོར་བྱ་ཡུལ་གྱི་ནུབ་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་12ཀྱི་ཏང་ཨུའི་ཧྲུའུ་ཅི་དང་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་བྱེད་པའི་ཧོ་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1