བོན་ནི་གནའ་བོའི་ཞང་ཞུང་ཡུལ་དུ་དར་བའི་གདོན་མའི་ཆོས་ཤིག་ཡིན་ལ། མཚོ་བོད་མཐོ་སྒང་དུ་དར་ཁྱབ་བྱུང་བ་ཞིག་ཡིན། སྤྱི་ལོ་སྔོན་གྱི་དུས་རབས་བདུན་པར། ཞང་ཞུང་རྒྱལ་རབས་ཀྱི་སྟོབས་ཤུགས་དེ་ཡུན་ནན་ནུབ་བྱང་རྒྱུད་དུ་བསྲིངས་ཤིང་། བོན་ཡང་དེ་དང་བསྟུན་ནས་བདེ་ཆེན་ས་ཁུལ་དུ་ཁྱབ་ཡོད། འཇོལ་རྫོང་དང་རྒྱལ་ཐང་གི་ཉི་ཤར་སོགས་ས་ཆ་ནས་རྡོ་ཡི་དུར་སྒམ་མང་པོ་ཐོན་ཡོད་པའི་ངོས་ནས་བལྟས་ན། སྐབས་དེའི་དུས་མཇུག་གི་གོམས་སྲོལ་དེ་གདོད་མའི་བོན་དང་འབྲེལ་བ་དམ་ཟབ་ཡོད་པ་རྟོགས་ཐུབ།
བོན་ཁྱབ་ཡོད་པའི་མྱི་ཟུར་གྲོང་སྡེ།
མྱི་ཟུར་གྱི་རི་སྐྱབས་རྟ་རྒྱུག་གཏོང་བ།
དུས་རབས7པར་བོད་བཙན་པོས་བདེ་ཆེན་ས་ཁུལ་དུ་དམག་བསྡུས་ཤིང་། དེའི་ནང་དུ་དམག་གི་རྗེས་སྙེག་པའི་ཁྱིམ་མི་མི་གྲངས་ཁྲི་བཅུ་ལྷག་ཡོད་པ་ལོ་རྒྱུས་ཡིག་ཆའི་ནང་བཀོད་ཡོད། བོད་ཀྱི་དམག་གི་ནང་དུ་བོན་གྱི་ཆོས་པ་ཡོད་ཅིང་ཆོས་པས་དམག་དོན་བྱ་འགུལ་ལ་ཞབས་ཞུ་སྒྲུབ་པའི་ལམ་ལུགས་སོགས་ཡོད་པས། བདེ་ཆེན་ས་ཁུལ་དུ་བོན་ཆོས་དར་ཁྱབ་བྱུང་བ་རེད།
ཚངས་པའི་མཛད་སྒོ་བསྡུ་བཞིན་པ།
གཏོར་མ་སྐྱེལ་བཞིན་པ།
དུས་རབས8པའི་རྗེས་ནས། སངས་རྒྱས་ཆོས་ལུགས་དར་ཞིང་བོན་ཉམས་ཤིང་། ལྷག་པར་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོན་ཉམས་ནས་ཆོས་པ་མང་ཤོས་ཀྱིས་ནང་ཆོས་ལ་དད་པ་བྱས་ཏེ། བོན་ཆོས་ལ་དད་མཁན་ནི་རྒྱང་རིང་གི་ས་མཐའི་གནས་སུ་བཞག་ཡོད། བོན་ལ་དད་པ་བྱེད་མཁན་འགའ་ཤས་ནི་བོད་ལྗོངས་དང་སི་ཁྲོན། ཡུན་ནན་བཅས་འདྲེས་མཚམས་ཀྱི་སྨར་ཁམས་དང་འཇོལ། རྒྱལ་ཐང་། འབའ་ལུང་། མཛོ་སྒང་སོགས་གནས་སུ་ཐོན་ཡོད།
སྟག་གཡག་ཁ་འཐབ་ཀྱི་པར་ཤིང་།
མྱི་ཟུར་ནས་རྙེད་པའི་བོན་གྱི་གསང་སྔགས།
བོན་གྱི་མོ་ཡིག
མིང་རྒྱལ་རབས་ཀྱི་དུས་དཀྱིལ་དུ། བོན་ནི་འཇོལ་དང་རྒྱལ་ཐང་། འབའ་ལུང་སོགས་ས་ཆའི་བོད་དང་འཇང་། ཕུའུ་སྨི་སོགས་ཀྱི་ཁྲོད་དུ་སྟོབས་ཤུགས་ཆེ་བ་བྱུང་ཡོད། བོན་ནི་མི་རིགས་འདི་དག་གི་ཁྲོད་དུ་ཡུན་རིང་བོར་ཁྱབ་སྤེལ་བྱས་པས། རིམ་བཞིན་ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲུབ་མཐའ་རུ་གྲུབ་པ་རེད།།