དཀར་མཛེས་གེ་སར་གནམ་གྲུ་ཐང་སང་ལོར་ཚོད་ལྟའི་འཕུར་སྐྱོད་བྱེད་འགོ་བརྩམས་རྒྱུ་རེད།
ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར་།ཡོང་ཁུངས།ཁམས་པའི་རྒྱ་ཡིག་དྲ་བ། སྤེལ་དུས། 07-27
ད་ལོར་མ་དངུལ་ཁྱོན་བསྡོམས་དུང་ཕྱུར་24.88བཏང་པའི་དཀར་མཛེས་གེ་སར་གནམ་གྲུ་ཐང་གི་ཚོད་ལྟའི་རིམ་པ་དཀར་མཛེས་རྫོང་དུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། 2017ལོར་ལེགས་འགྲུབ་བྱུང་ནས་ཚོད་ལྟའི་འཕུར་སྐྱོད་བྱ་རྒྱུ་རེད། སྐབས་དེར་ཁྲིན་ཏུའུ་ནས་དཀར་མཛེས་ཁུལ་གྱི་སྡེ་དགེ་རྫོང་དང་གསེར་རྟ་རྫོང་སོགས་སུ་ཆུ་ཚོད་གསུམ་བཞི་ཙམ་ལས་མི་དགོས་ལ། སེར་ཤུལ་རྫོང་དུ་ཉིན་ཕྱེད་ཀྱི་ལམ་ཐག་ལས་མེད་པ་རེད།
གེ་སར་གནམ་གྲུ་ཐང་བསྐྲུན་རྗེས། དེ་སྔོན་བསྐྲུན་ཟིན་པའི་དར་མདོ་གནང་གྲུ་ཐང་དང་འདབ་པའི་ཉི་བརྟེན་གནམ་གྲུ་ཐང་བཅས་ཁྱོན་བསྡོམས་གནམ་གྲུ་ཐང་གསུམ་ཡོད་པས། དཀར་མཛེས་ཁུལ་ནི་རྒྱལ་ཡོངས་ཀྱི་དམངས་སྤྱོད་གནམ་གྲུ་ཐང་གསུམ་ཡོད་པའི་མི་རིགས་རང་སྐྱོང་ཁུལ་ཐོག་མར་གྱུར།
དཀར་མཛེས་གེ་སར་གནམ་གྲུ་ཐང་བསྐྲུན་རྗེས། ཡུལ་སྐོར་བ་རྣམས་ཁྲེན་ཏུའུ་ནས་དཀར་མཛེས་རྫོང་བར་གྱི་ཆུ་ཚོད་བདུན་གྱི་ལམ་ཐག་དེ་ཆུ་ཚོད་གཅིག་ལ་གྱུར་བ་དང་། སྡེ་དགེ་པར་ཁང་གི་ཆུ་ཚོད་དགུའི་ལམ་ཐག་དེའང་ཆུ་ཚོད་བཞིར་གྱུར་བ་རེད། ཉེ་འགྲམ་གྱི་དཀར་མཛེས་རྫོང་དང་སྡེ་དགེ་རྫོང་། དེ་མིན་གསེར་རྟ་རྫོང་དང་སེར་ཤུལ་རྫོང་། ཉག་རོང་རྫོང་དང་དཔལ་ཡུལ་རྫོང་། རྟའུ་རྫོང་བཅས་སུ་ཕྱིན་པར་ཆུ་ཚོད་5ལས་མི་དགོས་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1