ཨུ་རུ་སུའི་ཉེན་འཇུག་པ་གྲགས་ཅན་ཁོ་ཉིའུ་ཧུན་ཧྥུ་(Konyukhov)ཉེ་སྔོན་གཅིག་པུ་དྲོད་ལྡན་དབུགས་ལྒང་ཞིག་ལ་བསྡད་དེ་སའི་གོ་ལར་སྐོར་བ་ཐེངས་གཅིག་ལ་བརྒྱབ་པ་དང་། ཁྱོན་བསྡོམས་ཉིན་11དང་ཆུ་ཚོད་6ཙམ་གྱི་དུས་ཚོད་སྤྱད་པ་རེད། སྔོན་གྱི་འཛམ་གླིང་ཟིན་ཐོ་ལས་ཉིན་གཉིས་ཀྱིས་མགྱོགས་པ་དང་འཛམ་གླིང་གི་ཆེས་མགྱོགས་པའི་ཟིན་ཐོ་བསྐྲུན་པ་རེད།
ད་ལོ་ལོ་65ལ་སོན་པའི་ཁོ་ཉིའུ་ཧུན་ཧྥུ་ཡིས་མཐོ་ཚད་སྨི་56ཅན་གྱི་དྲོད་ལྡན་དབུགས་ལྒང་བཀོལ་ནས། ཨོ་སི་ཐྲ་ལི་ཡའི་གྲོང་རྡལ་ཆུང་ཆུང་གི་ནུ་སེ་མུའུ་ནས་འཕུར་འགོ་བརྩམས་ཤིང་། ནུབ་ནས་ཤར་དུ་ནུབ་ཀྱི་རྒྱ་མཚོ་ཆེན་པོ་དང་མེ་གླིང་ལྷོ་མ། ཧྥེ་གླིང་། ལྷོ་སྣེའི་མུ་ཁྱུད། ཞི་བདེ་རྒྱ་མཚོ་ཆེན་པོ་བཅས་བརྒལ་ཏེ། མཐའ་ཐུག་ནོ་སེ་མུའུ་སུ་རུ་འབབ།།