རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ། ཀོ་དོ་མཁན་པོ་དང་མགོན་པོ་ཚེ་བརྟན། བསོད་ནམས་སྐྱིད།) ཁ་སང་ནི་ཧུང་ཡོན་སྤང་ལྗོངས་ཆེན་མོའི་ནོར་གནག་དུས་སྟོན་དང་ཧུང་ཡོན་སྤང་ལྗོངས་ཆེན་མོའི་ནོར་གནག་རོལ་དབྱངས་དུས་སྟོན་གྱི་ཉིན་དང་བོ་ཡིན་ལ། བོད་ཀྱི་གླུ་བ་གླུ་མ་མང་པོ་ཞིག་གིས་འཁྲབ་སྟོན་བྱས་ལ། ལྷག་པར་དུ་ནོར་གནག་གར་སྟེགས་སུ་བོད་ཀྱི་ལ་གཞས་མཁན་པོ་བཀྲ་ཤིས་ཉི་མ་དང་མ་སྐྱེས་ཨ་མ་སོགས་དང་། སྤང་རྒྱན་མེ་ཏོག་གར་སྟེགས་སུ་གངས་ཅན་པ་སྒྲོལ་མ་སྐྱབས་དང་བདེ་སྐྱིད་ཚེ་རིང་སོགས། སྦྲ་ནག་གར་སྟེགས་སུ་མི་རིགས་ཀྱི་ཁྱད་ཐོན་དངོས་པོ་འགྲེམ་སྟོན་དང་རྨེ་བའི་སྲོལ་རྒྱུན་གྱི་འཆམ་སོགས་འཁྲབ་སྟོན་བྱས་པས། ལྟད་མོ་བའི་ཡིད་དབང་ཅིག་ཅར་འཕྲོག་ལ། ཚོགས་ར་ཡོངས་སུ་དགའ་བསུའི་ཐལ་མོའི་རྡེབ་སྒྲས་ཁེངས།།
བཀྲ་ཤིས་ཉི་མས་ཨ་ཁུ་པད་མ་ཞེས་པའི་གླུ་དབྱངས་ལེན་བཞིན་པ།
གངས་ཅན་པ་སྒྲོལ་མ་སྐྱབས་ཀྱིས་གངས་ཅན་པ་ཞེས་པའི་གླུ་དབྱངས་ལེན་བཞིན།
བོད་ཀྱི་གླུ་མ་གྲགས་ཅན་ཨ་སྒྲོན་གྱིས་གླུ་ལེན་བཞིན་པ།