སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་“དྭངས་གཙང་གི་དཀར་མཛེས། བཀྲ་ཤིས་པའི་ཉི་མའི་ཚོ་བ།”ཞེས་པའི་2016ལོའི་ཀྲུང་གོའི་སེར་ཤུལ་སྦྲ་གུར་དུས་ཆེན་གྱི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་འགོ་ཚུགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-01


             

              སྤྱི་ཟླ་7པའི་ཚེས་30ཉིན།  སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་“དྭངས་གཙང་གི་དཀར་མཛེས།  བཀྲ་ཤིས་པའི་ཉི་མའི་ཚོ་བ།”ཞེས་པའི་2016ལོའི་ཀྲུང་གོའི་སེར་ཤུལ་སྦྲ་གུར་དུས་ཆེན་གྱི་བྱེད་སྒོ་སེར་ཤུལ་རྫོང་ཏུ་གཟབ་རྒྱས་ངང་སྤེལ་འགོ་ཚུགས།      

              རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་སེར་ཤུལ་སྦྲ་གུར་དུས་ཆེན་གྱི་སྐབས་སུ། ཡུལ་སྐོར་བ་རྣམས་ཀྱིས་ལུགས་སྲོལ་གོམས་གཤིས་འགྲེམ་སྟོན་གྱི་སྦྲ་ནག་ནང་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བར་རོལ་མྱོང་བྱས་ཆོག་པར་མ་ཟད། ད་དུང་ཐང་ག་འགྲེམ་སྟོན་གྱི་སྦྲ་ནག་ནང་ཐང་གའི་སྒྱུ་རྩལ་ལ་རོལ་མྱོང་བྱས་ཆོག   དེ་མིན་རྡོ་བརྐོས་སྒྱུ་རྩལ་འགྲེམས་སྟོན་གྱི་སྦྲ་གུར་ནང་རིག་གནས་ཀྱི་ཁྱད་ཆོས་བླ་ལྷག་ལྡན་པའི་རྡོ་བརྐོས་སྒྱུ་རྩལ་དང་ཡིག་གཟུགས་པར་རིགས་འགྲེམ་སྟོན་གྱི་སྦྲ་གུར་ནང་ཉེ་བའི་ལོ་འགའ་ནང་གི་བོད་ཡིག་ཡིག་གཟུགས་དང་པར་རིགས་སྣ་མང་ལ་རོལ་མྱོང་བྱས་ཆོག་པ་དང་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ནང་སྙིང་ལ་རྒྱུས་ལོན་དང་རོལ་མྱོང་བྱས་ཆོག་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1