ཨ་རིའི་གཞུང་ཕྱོགས་ལས་བསྒྲགས་པའི་གནས་ཚུལ་ལྟར་ན། མི་5000ལྷག་ཐེངས་འདིའི་མྱུར་སྐྱོབ་གནོད་སེལ་ཁྲོད་ཞུགས་པ་དང་། ཉིན་རེའི་མེ་གསོད་འགུལ་བསྐྱོད་ལ་ཨ་སྒོར་ཁྲི་600(དམངས་སྒོར་ཧ་ལམ་ཁྲི་4000)བཏང་བ་རེད། ཐེངས་འདིའི་མེ་སྐྱོན་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་688ཡིན་ལ། དེ་ནི་སིང་གྷ་ཕོར་གྱི་རྒྱ་ཁྱོན་དང་འདྲ། ཐེངས་འདིའི་མེ་སྐྱོན་ཁྲོད་དམངས་སྡོད་57དང་འཛུགས་སྐྲུན་གཞན་པ་11མེར་ཤོར་བ་དང། ད་དུང་འཛུགས་སྐྲུན་བཟོ་བཀོད་2000ཉེན་ཁར་འཕྲད་ཡོད། ཐེངས་འདིའི་མེ་གསོད་འགུལ་བསྐྱོད་ལ་མ་གསོད་རླངས་འཁོར་500དང་ཐད་འཕུར་གནམ་གྲུ་14 མེ་གསོད་གནམ་གྲུ་6བེད་སྤྱོད་བཏང་བ་རེད།།