རང་རེའི་ཞིང་ཆེན་གྱིས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-03


     ཟླ་8པའི་ཚེས2ཉིན། གསར་འགོད་པའི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་བྱ་བའི་གྲོས་ཚོགས་ཐོག་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ལོ་སྨད་དུ། རང་རེའི་ཞིང་ཆེན་གྱིས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་དང་ལེགས་ཕྱོགས་སུ་བསྒྱུར་བར་རྒྱབ་སྐྱོར་བྱས་ནས།  ཧུར་ཐག་གིས་ལོ་ཧྲིལ་བོར་ཕྱི་ཕྱོགས་ཉོ་ཚོང་རང་བཞིན་གྱི་བྲིན་ཚོང་དྲ་བ་180ཡན་འཛུགས་པར་བརྩོན་ལེན་བྱེད་པ་དང་། རང་བདག་གིས་ཚོང་རྟགས་གྲགས་ཅན་ཕྱིའི་ཁྲོམ་རའི་ཐོག་བསྐྱོད་ཚད་འཕར་སྣོན་ཡོང་བར་བྱེད་པའི་འཆར་གཞི་ལག་བསྟར་བྱ་རྒྱུ་རེད།
    ལོ་སྨད་དུ། རང་རེའི་ཞིང་ཆེན་གྱི་ཨེ་ཤ་ཡ་དབུས་མ་དང་། ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ། ཨེ་ཤ་ཡ་ལྷོ་མ། བྱང་ཨ་མེ་རི་ཁ་སོགས་ཁ་ཕྱོགས་གཙོ་བོ་བྱས་ནས། ཁེ་ལས་ཁྲི་ཕྲག་རྒྱལ་ཁབ་ཕྱི་རོལ་དུ་བསྐྱོད་པའི་བྱེད་སྒོ་རྩ་འཛུགས་དང་ཁྱབ་སྤེལ་བྱས་ཏེ། ཧུར་ཐག་གིས་ལོ་ཧྲིལ་བོར་ཁེ་ལས་5000གི་སྣེ་ཁྲིད་ནས་ཕྱི་ཕྱོགས་སུ་བསྐྱོད་པར་བརྩོན་ལེན་བྱ་རྒྱུ་དང་། སྣེ་འདྲེན་ཁེ་ལས་ལ་རྒྱབ་བརྟེན་བྱས་ནས་ཕྱིའི་ཕྱོགས་བསྡུས་ཞབས་ཞུའི་ས་གནས་དང་ས་འཚམས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་བང་མཛོད་ལྟ་བུ་ཞིག་འཛུགས་རྒྱུ་ཡིན་པ་དང་། དེ་མིན་སྔོན་ཆད་ཡོད་པའི་ཚོང་གཉེར་དྲ་བ་180ཡི་རྨང་གཞིའི་ཐོག་དུ། ཧུར་ཐག་གིས་ད་ལོར་ཡང་བསྐྱར་ཚོང་གཉེར་དྲ་བ་180གསར་སྣོན་བྱ་རྒྱུ་དང་། ཕྱི་ཕྱོགས་ཀྱི་ཉོ་ཚོང་ཐོ་འགོད་ཁེ་ལས་ཁྲི་2ལྷག་ལ་རིགས་བགོས་གསོ་སྐྱོང་བྱས་ནས། སྔོན་ཆད་ཡོད་པའི་ཕྱོ་ཕྱོགས་ཉོ་ཚོང་བྱེད་པའི་ཁེ་ལས་3000ལྷག་གི་རྨང་གཞིའི་ཐོག་ཏུ། ད་ལོར་ཡང་ཁེ་ལས་1000གསར་དུ་ཁ་སྣོན་བྱ་རྒྱུ་རེད།
     སི་ཁྲོན་གྱིས་བཟོ་སྐྲུན་བྱ་བའི་ཕྱོགས་བསྡུས་འགྲན་རྩོད་ཀྱི་ནུས་པ་མཐོར་འདེགས་སུ་གཏང་ཆེད། རང་རེའི་ཞིང་ཆེན་གྱིས་གློག་རྡུལ་ཆ་འཕྲིན་དང་། སྒྲིག་ཆས་བཟོ་སྐྲུན། རླངས་འཁོར་བཟོ་སྐྲུན་སོགས་ཐོན་ལས་ཆེན་པོ་10དང་གློག་ལམ་དང་སི་ཁྲོན་གྱི་ཆང་སོགས་གཙོ་གནད་ལས་རིགས་ཀྱི་ཐོན་རྫས་30བཏོན་ནས། རང་བདག་གི་ཚོང་རྟགས་གྲགས་ཅན་ཕྱི་ཕྱོགས་སུ་བསྐྱོད་པའི་འཆར་འགོད་དེ་ལག་བསྟར་བྱས་ཏེ། མགྱོགས་མྱུར་དུ་སི་ཁྲོན་གྱིས་བཟོ་སྐྲུན་བྱེད་པའི་ཐོན་རྫས་དང་། ཐོན་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་སྤུས་རྟགས་མགྱོགས་མྱུར་དུ་གསོ་སྐྱོང་བྱ་རྒྱུ་རེད། དེ་མིན་སི་ཁྲོན་དེ་རྒྱལ་ཡོངས་ཀྱི་ཞིབ་དཔྱད་དང་རིམ་ནད་ཞིབ་དཔྱད་བྱེད་པ་གཞི་གཅིག་ཅན་དུ་བཅོས་བསྒྱུར་བྱེད་པའི་ཁྲོད་ཞུགས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་དང་། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་དེ་ཚོང་ལས་ནང་འདྲེན་བྱེད་པའི་ཚོད་ལྟའི་ས་ཁུལ་གྱི་ཉེ་འགྲམ་རྒྱ་བསྐྱེད་ནས། ཧྲང་ཧེ་དང་ཁྲུང་ཆིན། ཧྲན་ཏུང་། ཤིན་ཅང་སོགས་སི་ཁྲོན་གྱི་ཐོན་རྫས་ནང་འདྲེན་བྱེད་པའི་གཙོ་གནད་འགག་སྒོར་སྐུལ་འདེད་གཏོང་བ་དང་། རླངས་འཁོར་གྱི་ལྷུ་ལག་དང་། འཕྲུལ་གློག་སོགས་གཙོ་གནད་ཐོན་རྫས་ཁག་ཁྱོན་ཡོངས་ནས་ནང་འདྲེན་བྱེད་པའི་ལམ་བུ་ཞིག་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1