སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་འགོ་བརྩམས་པར་ད་དུང་ཉིན་4 ཡོད་པ་རེད། སྤྱི་ཟླ་8པའི་ཚེས་4ཉིན། དཀར་མཛེས་ཁུལ་གྱི་ཨུ་ཡོན་ཧྲུའུ་ཅི་ལེའུ་ཁྲེན་མིང་སྐུ་དངོས་སུ་དཀར་མཛེས་ཁུལ་གྱི་མི་རིགས་བཤམས་སྟོན་ཁང་དང་ཞིང་འབྲོག་དམངས་ཚོགས་ཀྱི་འཁྲབ་སྟོན་ལྟེ་གནས། དེ་མིན་དཀར་མཛེས་ཁུལ་གྱི་མི་རིགས་ལུས་རྩལ་ཁང་དང་དར་མདོ་ལུས་རྩལ་ཐང་སོགས་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བྱེད་སྒོ་རྒྱ་ཆེར་སྤེལ་སའི་ས་གནས་གལ་ཆེ་དག་ལ་ཕེབས་ཏེ་ཞིབ་བཤེར་གནང་།
ལེའུ་ཁྲེན་མིང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ཡུན་རིང་རེ་སྒུག་བྱས་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། རིམ་པ་ཁག་གི་སྡེ་ཁག་སོ་སོས་ངེས་པར་དུ་མཐོང་ཆེན་བྱ་དགོས་དང་། ནན་ཏན་གྱིས་ཞིབ་བཤེར་དང་ལས་དོན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ། དེ་མིན། ད་དུང་རེ་རེ་བཞིན་ལེགས་བཅོས་དོན་འཁྱོལ་བྱ་དགོས། ནན་ཏན་སྒོས་ལས་དོན་ཁག་དམ་འཛིན་ཞིབ་ཚགས་དང་དམ་འཛིན་གཏིང་ཟབ་བྱས་ཏེ་ ཕྱོགས་བཞིའི་སྐུ་མགྲོན་བསུས་ཏེ་སྒྱུ་རྩལ་དུས་ཆེན་ལེགས་པོ་སྤེལ་ནས་དཀར་མཛེས་ཀྱི་སྣང་བརྙན་བཟང་པོ་ཞིག་མངོན་དགོས་ཞེས་བསྟན། །