གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་པ་32ལི་ཡོ་ཨོ་རྩལ་གྲན་ཚོགས་ལ་ཞུགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 08-09


      སྤྱི་ཟླ་8པའི་ཚེས་6་ཉིན་ནས་ཚེས22ཉིན་གྱི་བར་དུ། སྐབས་སོ་གཅིག་པའི་དབྱར་དུས་ཀྱི་ཨའོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་དེ་བྷ་རེ་ཟེས་ལི་ཡོ་རི་ནས་སྤེལ་འགོ་ཚུགས། ཀྲུང་གོའི་ལུས་རྩལ་པའི་འཐུས་ཚབ་མི་416ཡོད་ལ། དེ་དག་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དེ་མིན་བཅངས་འགྲོལ་དམག་སོགས་ས་ཁུལ་29ནས་ཕེབས་པ་དང་། དེའི་ཁྲོད་དུ་མན་ཇུ་རིགས་དང་། སོག་པོ། བོད་རིགས། ཧུའེ་རིགས། མའོ་རིགས་སོགས་གྲངས་ཉུང་མི་རིགས་བཅུ་ཡི་ལུས་རྩལ་བ་མི་32འདུས་ཡོད། དེ་ནང་སྟོབས་རྒྱལ་ནི་བོད་རང་སྐྱོང་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་སྐོར་གྱི་ཕུལ་བྱུང་གི་ལུས་རྩལ་པ་ཞིག་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་དང་། ཨེ་ཤེ་ཡའི་ལེགས་སྐྱེས་འགྲན་བསྡུར། འཛམ་གླིང་གི་ལེགས་སྐྱེས་འགྲན་བསྡུར་སོགས་རྒྱལ་སྤྱིའི་འགྲན་བསྡུར་ཆེ་གྲས་ནང་ཞུགས་པར་མ་ཟད། རྒྱལ་ནང་གི་འབྲིང་རྒྱུག་དང་རྒྱང་རྒྱུག་འགྲན་བསྡུར་སོགས་ཀྱི་ནང་དུ་ཞུགས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ཐེངས་འདིར་ཁོང་ཅ་ལི་ཡེ་ཨོ་རྩལ་འགྲན་ཚོགས་ཀྱི་མ་ལ་སོང་འགྲན་བསྡུར་ནང་ཞུགས་པ་ནི་བོད་ལྗོངས་ཀྱི་ལུས་རྩལ་པ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ཁྲོད་ཞུགས་པ་ཐོག་མ་དེ་ཡིན་ལ། 1988ལོར་ཧན་ཁྲེང་ཨོ་རྩལ་འགྲན་ཚོགས་འགོ་བརྩམས་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་ཡང་བསྐྱར་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་དེ་ཡང་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1