ཨང་དང་པོ་ཐོབ་མཁན་གྱི་ན་གཞོན་གླུ་པ་བསོད་ནམས་ལྷུན་གྲུབ།
སྤྱི་ཟླ་8པའི་ཚེས་9ཉིན། ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་བདུན་པའི་མཛའ་གྲོགས་དུས་ཆེན་ལ། མཛའ་གཞས་ལུང་པ་དར་མདོ་གྲོང་ཁྱེར་ཏུ་དཀར་མཛེས་དང་དབུས་ཀྱི་ཆབ་མདོ། ཡུན་ནན་བདེ་ཆེན། མཚོ་སྔོན་ཡུལ་ཤུལ་བཅས་ནས་ཡོང་བའི་གླུ་པ་རྣམས་ཀྱིས་མཉམ་དུ་གླུ་སྐད་ཀྱི་དུས་ཆེན་དགའ་སྟོན་རོལ། ཉིན་དེའི་དགོང་མོར་དར་མདོ་མཛའ་གཞས་ཟློས་གར་ཁང་དུ་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ན་གཞོན་གླུ་པའི་འགྲན་བསྡུར་དངོས་སུ་སྤེལ།
གླུ་པ་16འགྲན་བསྡུར་ནང་ཞུགས་ཡོད་ལ་ན་གཞོན་གླུ་པ་དེ་དག་གིས་དྲི་ཟའི་གླུ་དང་ཚངས་པའི་དབྱངས་ལ་འགྲན་ནུས་པའི་གྲེ་འགྱུར་སྙན་མོས་ལྟད་མོ་བ་རྣམས་ལ་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག
མཇུག་མཐར་ཡུན་ནན་བདེ་ཆེན་ནས་ཡོང་པའི་ན་གཞོན་གླུ་པ་བསོད་ནམས་ལྷུན་གྲུབ་ལ་ཨང་དང་པོའི་བྱ་དགའ་ཐོབ་པ་དང་མཚོ་སྔོན་ཡུལ་ཤུལ་ནས་ཡོང་བའི་གླུ་པ་ཆོས་ཐར་དང་ཡུན་ནན་བདེ་ཆེན་ནས་ཡོང་བའི་ཚན་སྡེབ་གཉིས་ལ་ཨང་གཉིས་པའི་བྱ་དགའ་ཐོབ། དཀར་མཛེས་ཁུལ་ནས་ཡོང་བའི་གླུ་པ་དབྱངས་ཅན་མཚོ་དང་ཚེ་རིང་བསམ་གྲུབ། དབུས་ཀྱི་ཆབ་མདོ་ནས་ཡོང་བའི་གླུ་པ་འཇིགས་མེད་ཚེ་རིང་བཅས་ལ་ཨང་གསུམ་པའི་བྱ་དགའ་ཐོབ། དེ་མིན་གླུ་པ་གླུ་མ་གཞན་དག་ལ་ཕུལ་བྱུང་གི་བྱ་དགའ་ཐོབ། །
འགྲན་བསྡུར་ཡུལ་དངོས།