སྤྱི་ཟླ་8པའི་ཚེས་8ཉིན་ནི་རྒྱལ་ཡོངས་ཀྱི་ཐེངས་བརྒྱད་པའི་8·8དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་ཡིན། ཉིན་དེའི་སྔ་དྲོར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱིས་སྐབས་དང་པོའི་གནད་སྨིན་དབུལ་སྐྱོར་གྱི་སྤྱི་ཕན་སྤོ་ལོ་འགྲན་བསྡུར་དེ་་འབར་ཁམས་གྲོང་ཁྱེར་གྱི་རིག་གནས་ལུག་རྩལ་ཐང་ཆེན་དུ་སྤེལ། ཤེས་རྟོགས་བྱུང་པ་ལྟར་ན། ཐེངས་འདིའི་སྤྱི་ཕན་སྤོ་ལོ་འགྲན་བསྡུར་ལ་སྤྱི་ཕན་མ་དངུལ་སྒོར་ཁྲི་130ཞལ་འདེབས་བསྡུས་ཏེ་ཨང་བརྒྱད་པ་སྔོན་གྱི་འཐུས་མི་རུ་ཁག་ལ་བྱ་དགའ་སྤྲོད་རྒྱུ་རེད། རུ་ཁག་རྣམས་ལ་ཐོབ་པའི་སྤྱི་ཕན་མ་དངུལ་མང་ཤོས་རྔ་བ་ཁུལ་གྱི་དབུལ་ཕོངས་ཡུལ་ཤོག་གི་རིག་གནས། ལུས་རྩལ། དཔལ་འབྱོར། སློབ་གསོ། འཕྲོད་བསྟེན། རྨང་གཞི་འཛུགས་སྐྲུན་སོགས་ཀྱི་གཏན་འབེབ་དང་མཐུན་པའི་སྤྱི་ཕན་འཛུགས་སྐྲུན་ལས་དོན་སྟེང་བཀོལ་རྒྱུ་རེད།།