ཕེ་རུ་ནི་ལ་ཏིང་མེ་གླིང་གསེར་དངུལ་ཞ་ཉེ་ཏི་ཚ་ཡི་འདུས་ཚད་ཆེས་མཐོ་བའི་རྒྱལ་ཁབ་རེད།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཀྲུང་གོའི་ཉིན་རེའི་ཚགས་པར་དྲ་བ། སྤེལ་དུས། 08-12


               ཕེ་རུའི་ནུས་ཁུངས་གཏེར་ཐོན་སྡེ་ཁག་གི་གཏེར་ལས་ལོ་རིམ་ལས་སྤེལ་བ་ལྟར་ན། ཕེ་རུ་མིག་སྔར་ནི་ལ་ཏིང་མེ་གླིང་ས་ཁུལ་གྱི་གསེར། དངུལ། ཞ་ཉེ། ཏི་ཚ་ལྕགས་རིགས་འདུས་ཚད་ཆེས་མཐོ་བའི་རྒྱལ་ཁབ་རེད། ཟངས་དང་མོལ་གྱི་འདུས་ཚད་ཨང་གཉིས་པ་གྱུར།

               ཕེ་རུའི་དངུལ་གྱི་འདུས་ཚད་དེ་འཛམ་གླིང་ཡོངས་ཀྱི་འདུས་ཚད་24.5%ཟིན་ཡོད་ལ། ཨོ་སི་ཐྲ་ལི་ཡ་དང་། ཆི་ལི། ཀྲུང་གོ མེག་སི་ཁོ་བཅས་ལས་བརྒལ་བ་རེད། གསེར་གྱི་འདུས་ཚད་དེ་འཛམ་གླིང་ཡོངས་ཀྱི་4.6%ཟིན་པ་དང་། ཞ་ཉེ་དང་ཏི་ཚ་སོ་སོའི་འདུས་ཚད་ལ་7.1%དང་12.5%ཟིན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1