སྤྱི་ཟླ་8པའི་ཚེས་10ཉིན། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བས་དར་མདོ་ལུས་རྩལ་ཐང་དུ་ཕེབས་ཏེ། དྭངས་གཙང་གི་དཀར་མཛེས་ཞེས་པའི་བོད་བཟོའི་ལག་ཤེས་བཟོ་རྩལ་གྱི་བཤམས་སྟོན་ལ་གཟིགས་ཞིབ་གནང་། ཁོང་གིས་དཀར་མཛེས་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ནི་མི་རིགས་ཀྱི་རིག་གནས་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ལ། མི་རིགས་ལག་ཤེས་བཟོ་རྩལ་ལ་དགའ་བོ་ཡོད་པའི་ས་གནས་དེ་གའི་ཁེ་ལས་དང་ཚོང་ཁང་སོགས་ལ་སྐུལ་སློང་དང་ཁྲིད་སྟོན་བྱས་སྟེ། དཀར་མཛེས་ཁུལ་གྱི་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཁྲོམ་རའི་འགྲན་རྩོད་བྱེད་ཤུགས་ཇེ་ཆེར་བཏང་ནས་ཁྱད་ལྡན་གྱི་མི་རིགས་ལག་ཤེས་བཟོ་རྩལ་མུ་མཐུད་དུ་འཕེས་རྒྱས་སུ་གཏང་དགོས་ཞེས་བསྟན།།