ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་གཞི་གལ་ཆེན་ཁག་ལྟ་སྐུལ་སྒྲུབ་གཉེར་བྱེད་པའི་གྲོས་མོལ་ཚོགས་འདུ་འཚོགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-12


    གསར་འགོད་པས་ཉེ་ཆར་རང་ཞིང་སྲིད་གྲོས་ཀྱིས་སི་ཁྲོན་གྱི་དམག་དམངས་མཉམ་འདྲེས་གཏིང་ཟབ་ཡོང་བའི་གསར་སྐྲུན་འཕེལ་རྒྱས་སྐོར་གྱི་གྲོས་གཞིར་སྐུལ་འདེད་གཏང་བའི་གྲོས་གཞི་གལ་ཆེན་ཁག་ལྟ་སྐུལ་སྒྲུབ་གཉེར་བྱེད་པའི་གྲོལ་མོལ་འཚོགས་འདུའི་ཐོག་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། རང་རེའི་ཞིང་ཆེན་གྱིས་སི་ཁྲོན་གྱི་དམག་དམངས་མཉམ་འདྲེས་ཀྱིས་མཐོ་རིམ་ལག་རྩལ་གྱི་ཐོན་ལས་མནའ་འབྲེལ་བཙུགས་ཟིན་པ་དང་། མིག་སྔར་ཧུར་ཐག་གིས་དེ་གསོ་སྐྱོང་བྱེད་པའི་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབ་གནང་བཞིན་ཡོད། འདི་ནི་གསར་འགོད་པའི་ཉེ་ཆར་ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་འགོ་གཙོ་གནད་དུ་ལྟ་སྐུལ་དང་སྒྲུབ་བཞིན་པའི་གྲོས་མོལ་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ཡིན། 《སི་ཁྲོན་གྱི་དམག་དམངས་མཉམ་འདྲེས་གཏིང་ཟབ་དང་གསར་སྐྲུན་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་བའི་བསམ་འཆར། 》སྐོར་གྱི་ཡིག་ཆ་འདི་ནི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཧེ་ལིན་གྱིས་ཡར་སྤྲད་པ་ཡིན་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་ཞིབ་འཇུག་གཏན་འབེབས་གནང་བའི་གྲོས་གཞི་གལ་ཆེན་ཞིག་ཡིན་ལ། འདི་ནི་ད་ལོར་རང་རེའི་ཞིང་ཆེན་གྱི་སྲིད་གྲོས་ལས་ཀའི་གྲོས་གཞི་གལ་ཆེན་དགུ་ཡི་ཁྲོད་ཀྱི་མི་སྒེར་གྱི་གྲོས་གཞི་གཅིག་པུ་དེའང་ཡིན། 
    གནས་ཚུལ་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ། རང་རེའི་ཞིང་ཆེན་གྱི་རྒྱལ་སྲུང་དང་ཚན་རིག་ལག་རྩལ་བཟོ་ལས་གཞུང་ལས་ཁང་གིས་གྲོང་ཁྱེར་དང་ཁུལ11ལ་ཁ་གཏད་ནས་འཚོལ་སྡུད་བྱས་པར་མ་ཟད་དམག་དམངས་མཉམ་འདྲེས་རང་བཞིན་གྱི་ཁེ་ལས་ཆེན་པོ་དང་ཚོགས་པ་ཆེན་པོ་50དང་། དམག་དམངས་མཉམ་འདྲེས་ཀྱི་གསར་སྐྲུན་རང་བཞིན་གྱི་ཁེ་ལས་50ཐོག་མར་གསེད་དཀྲོལ་ངོས་འཛིན་གནང་བ་དང་། སི་ཁྲོན་གྱི་ཅུའུ་ཀྲུའུ་མཐུན་ཚོགས་ལྟེ་བ་བྱས་ཏེ་སི་ཁྲོན་གྱི་དམག་དམངས་མཉམ་འདྲེས་ཀྱི་མཐོ་རིམ་ལག་རྩལ་ཐོན་ལས་མནའ་འབྲེལ་འཛུགས་ཤིང་།གསོ་སྐྱོང་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་གཏན་འབེབ་གནང་བར་འབད་བརྩོན་བྱེད་བཞིན་ཡོད། དེ་མིན་ཀྲུང་གོའི་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་རྒྱུ་ཆའི་ཞིབ་འཇུག་ཁང་ལྟེ་བ་བྱས་ཏེ་བཙུགས་ཡོད་པའི་སི་ཁྲོན་ཞིང་ཆེན་གྱི་དམག་དམངས་མཉམ་འདྲེས་ཀྱི་མཐོ་རིམ་སྒྲིག་ཆས་སྔོན་ཐོན་གྱི་རྒྱུ་ཆའི་ཐོན་ལས་མནའ་འབྲེལ་ཏེ། ཉེ་དུས་དངོས་སུ་འགོ་ཚུགས་པའི་མཛད་སྒོ་བསྡུ་རྒྱུ་རེད། དེ་དང་དུས་མཉམ་དུ། ཚན་རྩལ་ཐིང་གིས་རྩ་འཛུགས་འགན་ཁུར་བས་དམངས་བཀོལ་ཚན་རྩལ་གསར་སྐྲུན་གྱི་ནུས་ཁུངས་ཏེ་རྒྱལ་སྲུང་ཚན་རིག་ལག་རྩལ་དང་བཟོ་ལས་རིགས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞུགས་པར་སྣེ་ཁྲིད་ནས། ཐོན་ལས་ལག་རྩལ་གསར་སྐྲུན་གྱི་འཐབ་ཇུས་མནའ་འབྲེལ་ཁང་3ནས་5ཡི་བར་འཛུགས་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1