ཞིང་ཆེན་ཡོངས་ཀྱིས་གཉིས་སློབ་གཅིད་བྱེད་ཀྱི་སློབ་སྦྱོང་སློབ་གསོའི་ལས་ཀར་སྐུལ་འདེད་གཏང་བའི་ཁ་པར་དང་བརྙན་འཕྲིན་ཚོགས་འདུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-15


    རྒྱལ་ཡོངས་ཀྱིས་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོའི་ལས་ཀའི་བཞུགས་མོལ་འཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོ་དང་དབུལ་བྲལ་འགག་སྒྲོལ་སྐོར་གྱི་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱ་ཆེད། ཞིང་ཆེན་ཏང་ཨུའི་མོས་མཐུན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཡོངས་ཀྱི་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོའི་ལས་ཀར་སྐུལ་འདེད་གཏང་བའི་ཁ་པར་དང་བརྙན་འཕྲིན་གྱི་ཚོགས་འདུ་འཚོགས། ཚོགས་ཐོག་ཏུ་ཀྲུང་དབྱང་དང་ཞིང་ཏང་ཨུའི་བླང་བྱ་གསར་པ་ཁག་ངེས་པར་དུ་ལག་བསྟར་བྱས་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་བཏང་ཐོག ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་བློ་སེམས་རྩེ་གཅིག་གིས་དབུལ་བྲལ་འགག་སྒྲོལ་གྱི་གཟི་བརྗིད་བྱ་བའི་ལག་ལེན་དངོས་ཀྱི་ཁྲོད་དུ་བཞུགས་པར་སྐུལ་སློང་བྱས་ཏེ། སློབ་སྦྱོང་སློབ་གསོའི་ལག་ལེན་དངོས་ཀྱི་ནུས་པའི་ཐོག་ནས་ཞིང་ཆེན་ཏང་ཨུའི་འཐབ་ཇུས་གལ་ཆེན་ཁག་བཀོད་སྒྲིག་དང་ལག་བསྟར་དོན་འཁྱོལ་ཡོང་བར་བད་དགོས་ཞེས་ནན་གྱིས་བསྟན། 
    ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དེ་ལ་མཐོང་ཆེན་ཚད་མཐོན་པོ་གནང་བ། རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་ཧུར་ཐག་གིས་དེའི་ཁྲོད་དུ་ཞུགས་ནས། སྤྱི་ཡོངས་ནས་གོ་རིམ་ལྡན་པ་དང་། རྣམ་པ་བཟང་པོ་ཡོང་བར་སྐུལ་འདེད་བཏང་ཐོག གཙོ་གནད་རང་བཞིན་གྱི་གྲུབ་འབྲས་ཤིག་ལོན་པར་བྱ་དགོས་ཞེས་བསྟན། དེ་མིན་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་གསར་པ་ཁག་ལ་གོ་བ་གཏིང་ཟབ་མོ་ལེན་པ་དང་ཡང་དག་པའི་སྒོ་ནས་ཁུང་དུ་ཆུད་པར་བྱས་ཐོག  སེམས་ཤུགས་གཅིག་སྒྲོལ་གྱིས་སློབ་སྦྱོང་སློབ་གསོའི་བྱ་བ་གཙོ་བོའི་ལས་འགན་ཁག་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་པ་དང་། སློབ་སྦྱོང་ནན་ཏན་བྱེད་པ་དང་ལྷག་པར་དུ་གཏིང་ཟབ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདུན་གཅིག་ཐོག་གི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པར་ནུས་པ་བླ་ལྷག་བཏོན་ཐོག  དོན་དངོས་ཐོག་སྔོན་ཐོན་རང་བཞིན་གྱིས་བསམ་བློ་བཏང་ནས། གནད་དོན་གཙོ་བོ་དང་ཞིབ་འཕྲའི་གནད་དོན་ཁག་ཐག་གཅོད་བྱེད་པར་ནུས་པ་བཏོན་པ་དང་། དོན་དངོས་ཐོག་མང་ཚོགས་ལ་འགྱུར་ལྡོག་འབྱུང་བ་དེ་ཚོར་དུ་འཇུག་དགོས། དེ་མིན་ཏང་གི་འཛུགས་སྐྲུན་དང་བཅོས་བསྒྱུར་གསར་སྐྲུན་གྱི་ཐོག་ཏུ་ནུས་པ་བཏོན་ནས། དོན་དངོས་ཐོག་ཏང་གི་འཛུགས་སྐྲུན་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་དུ་འགྱུར་བར་སྐུལ་འདེད་གཏང་བ།  ཚད་ལྡན་གྱི་ཏང་ཡོན་དང་ལས་སྒྲུབ་གདོང་ལེན་པ་ཐད་ལ་ནུས་པ་བཏོན་ཏེ་རྣམ་པ་གསར་པ་ཤིག་ཆགས་པར་འབད་འབུངས་བྱེད་པར་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1