སི་ཁྲོན་ཞིང་ཆེན་ཏང་ཨུའི་རེ་བ་ལྟར་དཀར་མཛེས་ཁུལ་ཨུ་ཡིས་བཀོད་སྒྲིག་བྱས་ཏེ། སྤྱི་ཟླ་8པའི་ཚེས་13ཉིན་ནས་16བར། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲན་མིང་གིས་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ཁྲིད་ནས་རྟའུ་རྫོང་ཏུ་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀར་རྟོག་ཞིབ་ཏུ་ཕེབས། རྫོང་དེས་ཀྲུང་དབྱང་དང་ཞིང་ཆེན་དེ་མིན་ཁུལ་ཨུའི་དབུལ་བྲལ་འགག་སྒྲོལ་གྱི་བཀོད་སྒྲིག་གནས་ཚུལ་ལག་བསྟར་བྱས་ཚུལ་ལ་དངོས་སུ་ཞིབ་བཤེར་བྱས། ཚེས་16ཉིན་གྱི་ཕྱི་དྲོར། ལིའུ་ཁྲན་མིང་གིས་རྟའུ་རྫོང་ཏུ་ དབུལ་བྲལ་འགག་སྒྲོལ་གྱི་ལས་ཀའི་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། རྟའུ་རྫོང་གི“སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམ”དེ་མིན“ལེགས་པོ་བཞི”ཡི་དམིགས་ཡུལ་གཏན་ཁེལ་བྱས་ཡོད་པ་དང་། ད་ལོའི་དབུལ་བྲལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུག་ཐུབ་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།།