མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཟུང་ཆུ་རྫོང་དུ་འཚོགས་འགོ་བརྩམས།
སྤྱི་ཟླ་8པའི་ཚེས་21ཉིན། ཟུང་ཆུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོར་གཉེར་བྱས་པའི་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཟུང་ཆུ་རྫོང་དུ་ཚོགས་འགོ་བརྩམས། ཚོགས་འདུར་ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་འགོ་ཁྲིད་དང་། སློབ་གྲྭ་ཆེན་མོ། རིག་གཞུང་ཞིབ་འཇུག་ལས་ཁུངས་སོགས་ཀྱི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་པ། ཆེད་རམས་པ་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་100ལྷག་ཞུགས། ཚོགས་འདུའི་མཛད་སྒོའི་ཐོག་ཏུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དབུ་ཁྲིད་ཀྱིས་ཤིས་ཚིག་ཕུལ་བ་དང་། རྔ་བ་ཁུལ་ཨུའི་རྒྱུན་ཨུ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝེ་གོ་དང་མཁས་དབང་མཆོག་གི་སློབ་མའི་སྐུ་ཚབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྟག་ཚ་སྤྲུལ་སྐུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཚན་ཞབས་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ཀྱིས་གསུང་བཤད་གནང་བར་མ་ཟད། ཚོགས་ཞུགས་པ་ཚང་མས་མཁས་དབང་མཆོག་གི་དངོས་བཤུས་བརྙན་འཕྲིན་ལ་གཟིགས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཚོགས་འདུ་ཚོགས་ཡུན་ཚེས21ནས་ཚེས་23བར་དུ་ཡིན་ལ། ཚོགས་འདུའི་སྐབས་སུ་ཚོགས་ཞུགས་པ་རྣམས་ཀྱིས་ད་རུང་དཔྱད་རྩོམ་དཔྱད་གླེང་བྱ་རྒྱུ་དང་མཁས་དབང་མཆོག་གི་བཤམས་སྟོན་ཁང་དང་འཁྲུངས་ཡུལ། དམར་དམག་གནའ་ཤུལ་གྱི་བཤམས་སྟོན་ཁང་། ཟུང་ཆུ་རྫོང་གི་གནའ་མཁར་སོགས་སུ་ལྟ་སྐོར་བྱ་རྒྱུ་རེད།།