དམངས་འཚོའི་རོགས་སྐྱོར་དེ་རྨང་གཞི་རུ་བརྩིས་ནས། ཐོན་ལས་རོགས་འདེགས་དང་། རིག་སྟོབས་ཀྱི་རྒྱབ་སྐྱོར་དེ་སྲོག་ཤིང་དུ་བརྩིས་ནས། ཀྲེ་ཅང་ཞིང་ཆེན་གྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། རང་རེའི་ཞིང་ཆེན་གྱི་རྔ་བ་ཁུལ་དུ་ཁ་གཏད་རོགས་སྐྱོར་དངོས་སུ་འགོ་བརྩམས།
མིག་སྔར། ལིས་རྫོང་རི་མ་ཐང་དུ་ཆུ་རྐ་སྒྲིག་བཀོད་ཀྱི་ཨར་ལས་ཡུལ་ཚོ་དང་གྲོང་རྡལ་བཞི། ཡུལ་ཚོ་ལྔ་རུ་ཁེབས་འདུག་ལ། རི་མ་ཐང་གི་མང་ཚོགས་1500ལྷག་ལ་ཐོན་སྐྱེད་འཚོ་བའི་སྤྱོད་ཆུ་ཐག་གཅོག་ལ་རོགས་མ་བྱས་ཡོད། ཁུལ་བོད་སྨན་ཁང་ལ་སྣ་འཛོམས་ཐོག་ཁང་དང་སྒོ་བརྟེན་ཚོམས་ཆེན། སྡོད་ཁང་དང་བོད་སྨན། ལུས་འཁྲུ་ལྟེ་གནས་སོགས་བསྐྲུན་ཡོད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ། ཀྲེ་ཅང་གྱིས་རྔ་བ་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་ཕྱེ་བ་ལྔ་ས་ཡ་གསུམ་གྱིས་ཁ་གཏད་རོགས་སྐྱོར་བྱས་ནས། ཉེན་ཁ་ཡོད་པའི་སྡོད་ཁང་དང་། གྲོང་ཚོ་གསར་པ་འཛུགས་སྐྲུན། སློབ་གསོ་མཐོར་འདེགས། དམངས་འཚོར་རོགས་སྐྱོར། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱིས་རྣམ་གྲངས་109ལག་བསྟར་བྱས།
ཟླ་བདུན་པའི་བར་དུ། རྣམ་གྲངས་103མཇུག་སྒྲིལ་ཡོད་པ་དང་། ད་ལོའི་ཟླ་དགུ་པའི་ཟླ་མཇུག་དུ་ཕྱོགས་ཡོངས་ནས་མཇུག་སྒྲིལ་ཐུབ་པ་སྔོན་རྩིས་བྱས། །