སྤྱི་ཟླ་8པའི་ཚེས་25ཉིན། ཇོ་རིའི་བརྩེ་སེམས་མཛེས་པའི་གཞིས་རྩེ་ཞེས་བརྗོད་དོན་གཙོ་བོར་བྱས་པའི་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་འགོ་ཚུགས། འགོ་ཚུགས་མཛད་སྒོའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་(ཆུས།)18 ནས་ཡོང་བའི་ཞིང་འབྲོག་མང་ཚོགས་ཀྱི་འཁྲབ་སྟོན་པ 1800 ལྷག་ཙམ་གྱིས། ལྷ་མོ་དང་སྟོད་གཞས། སྒོར་གཞས་སོགས་འཁྲབ་སྟོན་བྱས་ནས་གཙང་ཁུལ་གྱིས་ངོ་མཚར་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། ཁྱད་དུ་འཕགས་པའི་རང་བྱུང་ཐོན་ཁུངས་ལས་འཁྲབ་ཚན་གྱ་ནོམ་པ་རྒྱ་ཆེའི་ལྟད་མོ་བ་ཀུན་གྱི་གཟིགས་མོར་ཕུལ་ཡོད།།