ས་གནས་དེ་གའི་དུས་ཚོད་ཟླ་8པའི་ཚེས་26ཉིན། ཏུར་ཁེའི་དབྱི་སི་ཐན་པུའུ་ཨེར་གྱི་རྒྱ་མཚོ་བརྒལ་པའི་ཟམ་ཆེན་གསུམ་པ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ། གོང་གི་འདྲ་པར་ནི་ཟམ་ཆེན་གྱི་ཡུལ་དངོས་ནས་བླངས་པ་ཡིན།
ངོ་སྤྲོད་བྱས་པ་ལྟར་ན། ཟམ་ཆེན་བཟོ་སྐྲུན་གྱི་འགྲོ་གྲོན་ཧ་ལམ་ཨ་སྒོར་དུང་ཕྱུར་30གཏང་བ་དང་རིང་ཚད་སྤྱི་ལེ་1.4དང་། ཞེང་ཚད་སྨི་59ཡོད་ཞིང་། རླངས་འཁོར་གྱི་ལམ་8དང་ལྕགས་ལམ་ཐིག་2ཡོད། དེ་ནི་འཛམ་གླིང་ཐོག་ཆེས་ཆེ་བའི་དཔྱང་ཟམ་གྱི་ཡ་གྱལ་ཞིག་རེད།།